འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་གྱིས་དུག་རྫས་ཀྱི་གྱོད་དོན་ཆེས་ཆེ་བ་ཞིག་རྩད་ཆོད་བྱུང་བ་དང་ཁོ་ཁཱ་
    དབྱིན་སྤྱི་རྒྱ་200ལྷག་རྩད་ཆོད་ལག་ཟིན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། ཐའེ་ཝན་ཁྲིམས་དོན་སྡེ་ཁག་གི་“བརྟག་དཔྱད་ཅུས་”ཀྱིས་ཐའེ་ཝན་གྱི་ལོ་རྒྱུས་སྟེང་གི་དུག་རྫས་གྱོད་དོན་ཆེས་ཆེ་བ་ཞིག་རྩད་ཆོད་བྱུང་བ་དང་། རིམ་པ་དང་པོའི་དུག་རྫས་ཁོ་ཁཱ་དབྱིན་སྤྱི་རྒྱ་200ལྷག་རྩད་ཆོད་ལག་ཟིན་བྱུང་ཞིང་། ཚོད་དཔག་བྱས་ན་ཚོང་རའི་རིན་ཐང་ཧ་ལམ་སྒོར་དུང་ཕྱུར་20(ཐའེ་ཝན་གྱི་དངུལ་ལོར། གཤམ་དུ་དེ་དང་མཚུངས།)ལྷག་ཟིན་པ་རེད། དེ་ལས་གཞན་ད་དུང་རིམ་པ་གཉིས་པའི་དུག་རྫས་འཁྱགས་དུག་སྤྱི་རྒྱ་50ལྷག་ཡང་རྩད་ཆོད་ལག་ཟིན་བྱུང་བ་རེད།
         ཐའེ་ཝན་གྱི་“བརྟག་དཔྱད་ཅུས་”ཀྱིས་བསྟན་དོན། མྱུལ་ཞིབ་པའི་ཞུ་བ་འབྱོར་བ་ལྟར་ཐའེ་པེ་གྲོང་ཁྱེར་གྱི་ཀུང་སི་ཞིག་གིས་མཚོ་ཐོག་དང་མཁའ་ཐོག་དབོར་འདྲེན་བྱེད་ཐབས་ཐོག་ནས་“རླངས་འཁོར་ཆེ་གྲས་སུ་སྤྱོད་པའི་ཞ་སྐྱུར་གློག་སྨན་”ཨོ་སི་ཁྲུ་ལི་ཡར་ཕྱི་གཏོང་ཐེངས་མང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གློག་སྨན་གཅིག་གི་ས་གནས་དེ་གའི་ཚོང་རའི་རིན་གོང་སྒོར་ཁྲི་1ཀྱང་ཟིན་གྱི་མེད་ནའང་དབོར་རིན་སྒོ་ཁྲི་3ལྷག་ཟིན་ཡོད་པས་གནས་ལུགས་དང་མི་མཐུན་པ་མངོན་གསལ་རེད། ཞིབ་དཔྱོད་ཁང་གི་བརྟག་དཔྱད་ཅུས་ཀྱིས་བཙུགས་པའི་ཆེད་དམིགས་གྱོད་དོན་ཚོ་ཆུང་གིས་ཟླ་བ་འདིའི་ཚེས་1ཉིན་ཀུང་སི་དེས་“རླངས་འཁོར་ཆེ་གྲས་སུ་སྤྱོད་པའི་ཞ་སྐྱུར་གློག་སྨན་”11ཕྱིར་གཏོང་བྱ་རྩིས་ཡོད་ཅིང་། ལྗིད་ཚད་ལ་སྤྱི་རྒྱ་200ལྷག་ཟིན་པ་ཤེས་རྟོགས་བྱུང་བས། ལམ་བར་དུ་བཀག་ནས་ཞིབ་བཤེར་བྱས་པ་བརྒྱུད་རིམ་པ་གཉིས་པའི་འཁྱགས་དུག་ཐུམ་པོ་50རྩད་ཆོད་ལག་ཟིན་བྱུང་ཞིང་རགས་ལྗིད་སྤྱི་རྒྱ་51.343ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།