འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་2016ལོའི་དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་སྐར་གྲངས་ཀྱི་
    ཚད་གཞི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་བསྡུའི་རྒྱུགས་ལེན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་12ཚེས་4ཉིན་བོད་ལྗོངས་སློབ་བསྡུའི་རྒྱུགས་ལེན་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུའི་སྟེང་ཞིབ་འཇུག་བྱས་ཏེ་གྲོས་མཐུན་བྱུང་བ་བརྒྱུད། 2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ།
        ཆེད་སྦྱོང་ཚན་ཁག་ནས་དངོས་གཞིའི་ཚན་ཁག་གི་རིག་གནས་ལོ་རྒྱུས་དང་ཀྲུང་དབྱིའི་གསོ་རིག་གི་རིགས་སུ་འཕར་བའི་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་90དང་རྒྱ་རིགས་སློབ་མའི་སྐར་གྲངས་100ཡིན་པ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་75དང་རྒྱ་རིགས་སློབ་མའི་སྐར་གྲངས་90ཡིན་པ། དཔལ་འབྱོར་དོ་དམ་གྱི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་75དང་རྒྱ་རིགས་སློབ་མའི་སྐར་80ཡིན་པ། ཁྲིམས་ལུགས་རིག་པའི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་110དང་རྒྱ་རིགས་སློབ་མའི་སྐར་གྲངས་115ཡིན་པ། སློབ་གསོའི་རིག་པའི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་95དང་རྒྱ་རིགས་སློབ་མའི་སྐར་གྲངས་115ཡིན་པ། ཞིང་ལས་རིག་པའི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་90དང་རྒྱ་རིགས་སློབ་མའི་སྐར་གྲངས་100ཡིན་པ། གསོ་བ་རིག་པའི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་100དང་རྒྱ་རིགས་སློབ་མའི་སྐར་གྲངས་115ཡིན་པ་བཅས་རེད།
         མཐོ་རིམ་སློབ་འབྲིང་ནས་དངོས་གཞིའི་ཚན་ཁག་གི་རིག་གནས་ལོ་རྒྱུས་ཀྱི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་100དང་རྒྱ་རིགས་སློབ་མའི་སྐར་གྲངས་110ཡིན་པ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་100དང་རྒྱ་རིགས་སློབ་མའི་སྐར་105རེད།
          མཐོ་རིམ་སློབ་འབྲིང་ནས་ཆེད་སྦྱོང་ཚན་ཁག་གི་རིག་གནས་ལོ་རྒྱུས་ཀྱི་རིགས་(ལས་བྲལ་)སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་135དང་རྒྱ་རིགས་སློབ་མའི་སྐར་གྲངས་145ཡིན་པ་དང་། རིག་གནས་ལོ་རྒྱུས་ཀྱི་རིགས་(འཕྲིན་བརྒྱུད་སློབ་ཁྲིད་)སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་85དང་རྒྱ་རིགས་སློབ་མའི་སྐར་གྲངས་95ཡིན་པ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་(ལས་བྲལ་)སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་126དང་རྒྱ་རིགས་སློབ་མའི་སྐར་གྲངས་135ཡིན་པ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་(འཕྲིན་བརྒྱུད་སློབ་ཁྲིད་)སུ་འཕར་བའི་སྐར་གྲངས་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་85དང་རྒྱ་རིགས་སློབ་མའི་སྐར་གྲངས་95ཡིན་པ། སྒྱུ་རྩལ་གྱི་རིགས་དང་ལུས་རྩལ་གྱི་རིགས་སུ་འཕར་བའི་སྐར་གྲངས་ནི་སློབ་གསོ་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལྟར། ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་མཐོ་རིམ་སློབ་འབྲིང་ནས་ཆེད་སྦྱོང་ཚན་ཁག་དང་མཚུངས་པའི་སློབ་བསྡུའི་རིགས་དང་རྒྱུགས་ལེན་ཚན་ཁག་རིགས་སུ་འཕར་བའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞིའི་70%ལས་མི་དམའ་བ་ལྟར་ལག་བསྟར་བྱ་རྒྱུ་རེད། ལྗོངས་ཕྱིའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་ཚོར་རྒྱ་རིགས་སློབ་མ་བསྡུ་རྒྱུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་ལག་བསྟར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།