འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྒྱ་ཚྭ་དང་སྨར་ཁམས། སོག་རྫོང་བཅས་རྒྱལ་ཡོངས་ཀྱི་ཡུལ་སྐོར་དཔེ་མཚོན་
    རྫོང་དུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། རྒྱལ་ཁབ་ཞིང་ལས་པུའུ་ཡིས་"2016ལོའི་རྒྱལ་ཡོངས་ཀྱི་སྤྲོ་གསེང་ལྡན་པའི་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་མཚོན་རྫོང་(གྲོང་དང་ཆུས་)"ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་སུ་"2016ལོའི་རྒྱལ་ཡོངས་ཀྱི་སྤྲོ་གསེང་ལྡན་པའི་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་མཚོན་རྫོང་(གྲོང་དང་ཆུས་)"ཁྱོན་བསྡོམས་74བདམས་ཐོན་བྱུང་ཡོད་པ་དང་། དེའི་ཁྲོད་ངེད་རང་སྐྱོང་ལྗོངས་ཀྱི་རྫོང་3བདམས་ཐོན་བྱུང་ཡོད་པ་དེ་དག་ནི། ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚྭ་རྫོང་དང་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་། ནག་ཆུ་ས་ཁུལ་གྱི་སོག་རྫོང་བཅས་ཡིན་པ་རེད།
         ཤེས་རྟོགས་བྱུང་གསལ་ལྟར་ན། 2012ལོ་ནས་བཟུང་། ཞིང་ལས་པུའུ་ཡིས་ངེད་རང་སྐྱོང་ལྗོངས་ནས་རྒྱལ་ཡོངས་ཀྱི་སྤྲོ་གསེང་ལྡན་པའི་ཞིང་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་མཚོན་རྫོང་ཁྱོན་བསྡོམས་6དང་དཔེ་མཚོན་ལྟེ་གནས་9བདམས་ཡོད་པ་རེད།
         སྤྲོ་གསེང་ལྡན་པའི་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་ངེད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་སུ་འཕེལ་རྒྱས་གཏོང་བའི་བརྗོད་གཞི་ཞིག་ཡིན་ཞིང་། དེ་ནི་ཞིང་ལས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཡིན་ལ། ཞིང་འབྲོག་མི་དམངས་ཚོའི་ལས་ཞུགས་ཡོང་འབབ་མང་དུ་གཏོང་བའི་ལམ་བུ་ཞིག་ཀྱང་ཡིན་པ་རེད། ཞིང་འབྲོག་ལས་རིགས་ཀྱི་མཁོ་སྤྲོད་གྲུབ་ཆའི་རང་བཞིན་སྒྱུར་བཅོས་སྐུལ་འདེད་དང་། ཞིང་ལས་སྟོབས་དང་ལྡན་པ། ཞིང་ཁུལ་མཛེས་ཤིང་སྡུག་པ། ཞིང་པ་འབྱོར་ཕྱུག་ལྡན་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་བསྐྲུན། བདེ་ཐང་གི་གྲོང་གསེབ་དང་གྲོང་རྡལ་བསྐྲུན་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་བསྐྲུན་པ་བཅས་ཀྱི་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།