འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་རྩེའི་སྟོད་གཞས་འཁྲུག་པོ། མིག་ཡིད་རྣ་བའི་དགའ་སྟོན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་རྩེའི་སྟོད་གཞས་འཁྲུག་པོ། མིག་ཡིད་རྣ་བའི་དགའ་སྟོན།
          མི་དམངས་དྲ་བའི་འཕྲིན། སྟོད་གཞས་ནི་བོད་ལྗོངས་གཙང་ཁུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་ཁྲོད་ཞབས་བྲོ་ཞིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་དར་ཁྱབ་ཆེན་པོ་ཡོད། 2007ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཉམ་སྤྲོའི་མཚན་ཚོགས་ཐོག གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ལས་ཞོར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་《དཔྱིད་ཀྱི་སྙན་དབྱངས་》ཀྱིས་རྒྱལ་ཡོངས་ཀྱི་གཟིགས་མོ་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་ལ། ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་བོད་མི་རིགས་ཀྱི་སྟོད་གཞས་དམངས་ཁྲོད་ནས་རིམ་བཞིན་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་པ་དང་སྦྲགས། སྟོད་གཞས་ལ་དགའ་བའི་ཞིང་འབྲོག་པར་ཡང་ཡོང་འབབ་བྱུང་ཞིང་། འདི་ནི་ཉེ་ཆར་ལྷ་རྩེ་རྫོང་ལས་ཞོར་ཞིང་པའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་ལྟེ་གནས་སུ་ལྷ་སའི་གྲོང་མིར་སྟོད་གཞས་འཁྲབ་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།