འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མས་སློབ་ཁོངས་མཉམ་དུ་འཁྱེར་དགོས་
    པའི་བརྡ་ཐོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་གཞུང་དོན་ཐིང་ནས་《ནང་སའི་བོད་ལྗོངས་འཛིན་གྲྭ་དང་ཤིན་ཅང་འཛིན་གྲྭའི་སློབ་མའི་སློབ་ཁོངས་དོ་དམ་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་བརྡ་ཐོ་》བཀྲམས་པ་དང་། བརྡ་ཐོའི་ནང་། འབྲེལ་ཡོད་ཞིང་ཆེན་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ནང་སའི་འཛིན་གྲྭའི་སློབ་མ་ཚང་མར་སློབ་ཁོངས་ཡོད་པའི་འགན་ལེན་བྱེད་དགོས་པ་མ་ཟད། སྤོ་ལེན་དུས་ཐོག་ཏུ་བྱེད་པ་ལས། སློབ་ཁོངས་འཛུགས་པ་དང་། ཐོ་འགོད། སྤོ་ལེན་སོགས་གནད་དོན་གྱིས་རྐྱེན་པས། སློབ་གྲྭའི་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་ཞེས་འཁོད་འདུག
               བརྡ་ཐོའི་ནང་། སློབ་ཁོངས་དོ་དམ་ནི་སློབ་མར་དོ་དམ་དང་སློབ་གསོར་དོ་དམ་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད་ལ། ནང་སའི་འཛིན་གྲྭའི་སློབ་ཁོངས་ལ་དོ་དམ་བྱ་རྒྱུ་ནི་སྐར་ཁུང་ལྟ་བུ་ཞིག་ཡིན་པ་དེ་ལས་ནང་སའི་འབྲེལ་ཡོད་སློབ་གསོའི་སྡེ་ཚན་དང་སློབ་གྲྭའི་ལས་ཀའི་རྣམ་འགྱུར་དང་། ལས་ཀའི་འཇོན་ཐང་། ལས་ཀའི་ཆུ་ཚད་བཅས་མངོན་པ་གང་ཞིག གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མར་བཅངས་པའི་བརྩེ་དུང་གཅིག་ཏུ་འདུས་ཡོད་པ་མ་ཟད། ནང་ས་དང་མཐའ་མཚམས་ས་ཁུལ་དབར་མཉམ་ལས་དམ་ཟབ་བྱེད་པའི་ཚད་གཞི་ཡང་མཚོན་གྱི་ཡོད། དེར་བརྟེན། འབྲེལ་ཡོད་ཞིང་ཆེན་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ནང་སའི་འཛིན་གྲྭའི་སློབ་མ་ཚང་མར་སློབ་ཁོངས་ཡོད་པའི་འགན་ལེན་བྱེད་དགོས་པ་མ་ཟད། སྤོ་ལེན་དུས་ཐོག་ཏུ་བྱེད་པ་ལས་སློབ་ཁོངས་འཛུགས་པ་དང་། ཐོ་འགོད། སྤོ་ལེན་སོགས་གནད་དོན་གྱིས་རྐྱེན་པས། སློབ་གྲྭའི་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་པ་དང་འབྲེལ། གནད་དོན་དེ་རིགས་ཀྱིས་རྐྱེན་པས་འུད་སྒྲོག་བྱས་ཏེ་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ཤུགས་རྐྱེན་དེ་བས་མི་ཐེབས་པ་བྱེད་དགོས་ཚུལ་འཁོད་འདུག
            བརྡ་ཐོའི་ནང་། ནང་སའི་འཛིན་གྲྭ་གཉེར་མཁན་ཞིང་ཆེན་ཁག་གིས་《སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཁོངས་དོ་དམ་བྱ་ཐབས་》ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་ཡོངས་སློབ་ཁོངས་མ་ལག་བརྒྱུད་ནང་སའི་འཛིན་གྲྭའི་སློབ་མར་སློབ་ཁོངས་སྤོ་ལེན་གྱི་འགྲོ་ལུགས་གཉེར་དགོས་པ་དང་ཆབས་ཅིག “མི་དང་སློབ་ཁོངས་གཅིག་འགྱུར་དང་། མི་དང་སློབ་ཁོངས་མཉམ་དུ་ཡོད་པའི”རྩ་དོན་ལ་བརྩི་འཇོག་ནན་ཏན་བྱས་ཏེ། ཞིང་ཆེན་བརྒལ་ནས་སློབ་སྦྱོང་བྱེད་པའམ་ཞིང་ཆེན་བརྒལ་ནས་སློབ་གྲྭ་སྒྱུར་བའི་བྱ་ཐབས་བརྒྱུད། སློབ་མའི་སློབ་ཁོངས་ནང་སའི་འཛིན་གྲྭ་གཉེར་བའི་སློབ་གྲྭར་སྤོ་དགོས། ནང་སའི་འཛིན་གྲྭ་གཉེར་བའི་སློབ་གྲྭས་སློབ་མ་འབྱོར་ཐོ་བཀོད་རྗེས་ཀྱི་ཟླ་བ་1ནང་ལས་སྒོའི་འགྲོ་ལུགས་གཉེར་དགོས་པ་དང་འབྲེལ། འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་བསྡུར་བྱས་རྗེས་དུས་ཐོག་ཏུ་སློབ་ཁོངས་ཡིག་ཚགས་སྤོ་སྒྱུར་བྱེད་དགོས། དེ་སྔའི་སློབ་གྲྭ་དང་ཕྱོགས་གཉིས་ཀྱི་སློབ་གསོ་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཀྱང་ལས་དུས་ཀྱི་ཉིན་10ནང་ཞིབ་བསྡུར་(ཞིང་ཆེན་བརྒལ་ནས་སློབ་ཞུགས་བྱེད་པར་དེ་སྔའི་སློབ་གྲྭའི་ཞིབ་བསྡུར་མི་དགོས)བྱེད་དགོས། དེ་སྔའི་སློབ་ཁོངས་གནས་ཡུལ་དུ་ལོག་ནས་མཐོ་རྒྱུགས་ལ་ཞུགས་མཁན་གྱི་ནང་སའི་འཛིན་གྲྭའི་སློབ་མར་ནང་སའི་འཛིན་གྲྭ་གཉེར་མཁན་སློབ་གྲྭ་དང་དེ་ཁུལ་གྱི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་དུས་ཐོག་ཏུ་སློབ་མའི་སློབ་ཁོངས་སྒྱུར་དགོས་པའི་བླང་བྱ་བཏོན་འདུག
           དེ་དང་དུས་མཚུངས། སློབ་མ་ནང་སའི་འཛིན་གྲྭ་གཉེར་བའི་སློབ་གྲྭར་མ་བསྐྱོད་གོང་དུ་རྩ་དོན་ཐོག་ནས་བྱས་ན། སློབ་ཁོངས་འཛུགས་དགོས་པ་དང་། གལ་སྲིད་རྒྱུ་མཚན་ཡང་དག་ཤོད་རྒྱུ་མེད་པར་སློབ་ཁོངས་འཛུགས་རྒྱུ་ལུས་པའམ་རྐང་བཙུགས་ནས་མ་བཙུགས་ཚེ། འབྲེལ་ཡོད་སློབ་གསོ་སྲིད་འཛིན་སྡེ་ཚན་དང་། སློབ་གྲྭ ཞིབ་ཕྲའི་དོ་དམ་པ་བཅས་ཀྱི་འགན་འཁྲི་རྩད་གཅོད་རྒྱུ་ཡིན་པ་མ་ཟད། སློབ་གསོ་པུས་ཀྱང་དུས་དང་བསྟུན་ནས་བརྡ་ཁྱབ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།