འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་མོའི་ལམ་ནས་གླུ་གར་འཁྲབ་སྟོན་བྱས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་མོའི་ལམ་ནས་གླུ་གར་འཁྲབ་སྟོན་བྱས།
         མི་དམངས་དྲ་བའི་འཕྲིན། བསོད་ནམས་ཆོས་སྒྲོན་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ན་གཞོན་འཁྲབ་སྟོན་པ་ཞིག་ཡིན་ཞིང་། 2016ལོའི་ཟླ་བཅུ་པར་བསོད་ནམས་ཆོས་སྒྲོན་གྱིས་འཁྲབ་ཁྲིད་བྱས་པའི་ལྷ་མོའི་ཚོད་ལྟའི་ཟློས་གར་《ཐོ་རན་མདོ་》གཟིགས་འབུལ་དང་པོ་ལེགས་འགྲུབ་བྱུང་བ་མ་ཟད། 2016ལོའི་དེང་རབས་ཟློས་གར་ཁང་ཆུང་ངུའི་ཟློས་གར་སྒྱུ་རྩལ་དུས་ཆེན་ཐོག་སྟོན་རྒྱུའི་ཟློས་གར་ཁོངས་སུ་ཡང་ཚུད་པ་རེད། 2016ལོའི་ཟླ་11ཚེས་19དང་20ཉིན་ཟློས་གར་དེ་པེ་ཅིང་སྐར་ཚོགས་ཟློས་གར་གྲོང་ཚོར་བསྟན་པ་རེད།
         ལྷ་མོའི་ལམ་ནས་《ཐོ་རན་མདོ་》འཁྲབ་སྟོན་བྱེད་པ་ནི་ཚོད་ལྟ་ཞིག་ཡིན་པ་མ་ཟད། འཚོལ་ཞིབ་ཅིག་ཀྱང་ཡིན། ནུབ་ཕྱོགས་པའི་མཐོང་ཟུར་གྱི་ཀྲུང་གོའི་གཏམ་རྒྱུད་ཅིག་བོད་སྐད་ཀྱི་ལམ་ནས་འཁྲབ་པའི་དོན་སྙིང་ནི་གསར་གཏོད་དང་ཚད་བརྒལ་ཡིན་ལ། ལྷ་མོའི་འཁྲབ་གཞུང་བརྒྱད་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་གར་སྟེགས་སྔར་བས་ཡངས་པ་དང་མིག་སྔའི་དུས་རབས་དང་སྔར་བས་འཚམ་པའི་མཚོན་ཐབས་འཚོལ་བ་ཞིག་ཀྱང་ཡིན་པ་རེད།
         འདི་ནི་ལྷ་མོ་《ཐོ་རན་མདོ་》མ་འཁྲབ་གོང་འཁྲབ་སྟོན་པ་ཁག་གཅིག་གིས་པེ་ཅིང་སྐར་ཚོགས་ཟློས་གར་གྲོང་ཚོའི་ཟློས་གར་ཁང་གི་སྒོ་ཁར་ཕྱེ་མར་དང་ཆང་ཕུད་ཁྱེར་ནས། བོད་རིགས་ཀྱི་ལུགས་སྲོལ་ལྟར་ལྟད་མོ་བ་ཚོར་བསུ་བ་ཞུ་བའི་གནས་ཚུལ་ཡིན་པ།
          འདི་ནི་པེ་ཅིང་སྐར་ཚོགས་ཟློས་གར་གྲོང་ཚོར་ལྷ་མོ་《ཐོ་རན་མདོ་》འཁྲབ་སྟོན་བྱས་ཚར་རྗེས་འཁྲབ་སྟོན་པ་ཚོས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་གུས་ལུགས་ལྟར་ལྟད་མོ་བ་ཚོར་ཐུགས་རྗེ་ཆེ་ཞུ་བའི་གནས་ཚུལ་ཡིན་པ།
    ༄༅།།ལྷ་མོའི་ལམ་ནས་གླུ་གར་འཁྲབ་སྟོན་བྱས།
      

    ཕྱོགས་བསྡུས་གསར་འགྱུར།