འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྣེ་འཛོམས་ཚོང་ཟོག་ཉོ་ཚོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན། བོད་ཀྱི་སྣེ་འཛོམས་ཚོང་ཟོག་ཉོ་ཚོང་ལྟེ་གནས་མ་ལག་དངོས་སུ་ལྷ་སར་སྤྱོད་འགོ་ཚུགས་ཤིང་། ཉོ་ཚོང་ལྟེ་གནས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་རིག་གནས་ལ་བརྟེན་ནས“སྤོམ་ཆེའི་ཚོང་ཟོག་ཉོ་ཚོང+དྲ་ཐོག་ཚོང་ཁང+དེང་རབས་ཟོག་འགྲེམས+ཉམས་ལེན་ཚོང་ཁང་དངོས”བཅས་ཀྱི་ཚོང་གཉེར་བྱེད་སྟངས་སྤྱད་དེ་འཐུས་སྒོ་ཚང་བའི་སྤོམ་ཆེའི་ཚོང་ཟོག་ཉོ་ཚོང་ཞབས་ཞུའི་མ་ལག་ཅིག་བསྐྲུན་ནས་བོད་ཀྱི་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉོ་ཚོང་ལྟེ་གནས་ཀྱིས་གཙོ་བོ་གཏེར་ཁའི་ཐོན་རྫས་དང་དེའི་མ་བཅོས་རྒྱུ་ཆ་དང་། གསེར་དངུལ་རྒྱན་ཆ། གནའ་རྫས་དཔེ་རིས། སྒྱུ་རྩལ་དངོས་པོ། བོད་སྨན། སྤོམ་ཆེའི་ཞིང་ཞོར་ཐོན་རྫས་བཅས་ཀྱི་ལག་ཡོད་ཚོང་ཟོག་གི་གློག་རྡུལ་ཉོ་ཚོང་དང་། ཚོང་ཟོག་ཉོ་ཚོང་ཞབས་ཞུ། ཟོག་འགྲེམས་སོགས་ཀྱི་ཞབས་ཞུ་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།