འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《བསམ་འཆར་》པར་འགྲེམས་བྱས་ཏེ་
    གྲོང་གསེབ་ཏུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བསྐྱོད་པའི་མི་སྣའི་གསར་
    གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《གྲོང་གསེབ་ཏུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བསྐྱོད་པའི་མི་སྣས་གསར་གཏོད་ལས་གཏོད་ཐོག་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་སུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་བསམ་འཆར་》(གཤམ་ག་བསྡུས་མིང་དུ་《བསམ་འཆར་》)པར་འགྲེམས་བྱས་ཤིང་། ཞིང་པ་ལས་མི་དང་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ལོག་པའི་དམག་མི། ཚན་རྩལ་མི་སྣ་སོགས་གྲོང་གསེབ་ཏུ་ཕྱིར་ལོག་པ་དང་གྲོང་གསེབ་ཏུ་བསྐྱོད་པའི་མི་སྣས་གྲོང་གསེབ་ཏུ་གསར་གཏོད་ལས་གཏོད་བྱེད་པར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱས་པ་རེད།
         《བསམ་འཆར་》ནང་དུ་བསྟན་དོན། གཞི་ཁྱོན་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། དལ་ཁོམ་ཞིང་ལས། ཤང་གྲོང་ཡུལ་སྐོར། ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས། ཐོན་ལས་ཀྱི་ལས་རིགས་གསར་པ་གཞན་དག་སོགས་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་པ་རེད། སྒྲུབ་འགན་གཙང་ལེན་དང་བོགས་མར་གཏོང་ལེན། མ་རྐང་འཇོག་པ། མཉམ་ལས་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། ཁྱིམ་ཚང་གི་ཞིང་ར་དང་ནགས་ར། ཞིང་ལས་པའི་མཉམ་ལས་ཁང་སོགས་ཀྱི་ཞིང་ལས་གཉེར་སྐྱོང་གི་རྣམ་པ་གསར་པ་སྒྲུབ་གཉེར་བྱེད་དགོས་པ་དང་། ལས་གཏོད་ཚོགས་པ་དང་། ཐོན་ལས་མཉམ་འབྲེལ་བཙུགས་ནས་ལས་གཏོད་རྒྱ་བསྐྱེད་པ། གློག་རྡུལ་ཚོང་རའི་ལས་སྟེགས་འཕེལ་རྒྱས་བཏང་སྟེ་“དྲ་སྦྲེལ་་+”དེང་རབས་ཀྱི་ཞིང་ལས་ལས་འགུལ་ལག་ལེན་བསྟར་ཏེ་དྲ་ཐོག་ལས་གཏོད་དང་། མ་རྐང་འཇོག་པའི་མཉམ་ལས་ལམ་ལུགས་དང་མ་རྐང་འཇོག་པའི་ལམ་ལུགས། མཉམ་ལས་ལམ་ལུགས་ཀྱི་ཁེ་ལས་སོགས་པའི་རྣམ་པ་བརྒྱུད་དེ་ཐོན་ལས་ཀྱི་དབང་ཆ་ཁ་གསལ། ཁེ་ཕན་མཉམ་སྤྱོད། ལམ་སྲོལ་སྣ་མང་བཅས་གསར་གཏོད་ལས་གཏོད་ཀྱི་ཐུན་མོང་རྩ་འཛུགས་སྐྱེད་སྲིང་བྱེ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།