འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་སུ་ཡར་འབྲོག་གཡུ་མཚོའི་འགྲམ་ནས་སྐར་ཚོགས་བཀྲ་བའི་ནམ་མཁར་ལྟ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དགུན་དུས་སུ་ཡར་འབྲོག་གཡུ་མཚོའི་འགྲམ་ནས་སྐར་ཚོགས་བཀྲ་བའི་ནམ་མཁར་ལྟ་བ།
         མི་དམངས་དྲ་བའི་འཕྲིན། ཡར་འབྲོག་གཡུ་མཚོ་ནི་བོད་ཀྱི་བླ་མཚོ་གསུམ་གྱི་ཡ་གྱལ་ཅིག་ཡིན་པ་དང་། མཚོ་ངོས་ནི་རྒྱ་མཚོའི་ངོས་ནས་སྨི་4410ཡོད་པ་རེད།
         ཀུན་ལ་ཆ་རྒྱུས་ཡོད་པའི་ཡར་འབྲོག་གཡུ་མཚོ་ནི་ཕལ་ཆེར་དབྱར་དུས་ཀྱི་བབ་ཆགས་པའི་ཉིན་གུང་གི་མཛེས་ལྗོངས་ཀྱི་དེ་རེད། དེ་དུས། ཡར་འབྲོག་གཡུ་མཚོའི་ལྗང་མདོག་གི་ངོ་མཚར་ནི་རིན་ཐང་ཆེ་བའི་གཡུ་དང་མཚུངས་ལ། རྨ་བྱའི་སྒྲོ་གུར་ཕུབས་པ་དང་མཚུངས། དེ་བས་ཀྱང་མི་མང་པོ་ཞིག་གིས་གཏན་ནས་མཐོང་མྱོང་མེད་པ་ཞིག་ནི་དགུན་ཁའི་ས་སྲོད་ཀྱི་དུས་སུ་ས་གཞིར་ཉི་དྲོད་མ་ཡལ་ཞིང་། བཀྲག་མདངས་ཆེ་བའི་སྐར་ཚོགས་ཀྱིས་མཁའ་དབྱིངས་ཡོངས་སུ་བརྒྱན་དུས། ཡར་འབྲོག་གཡུ་མཚོའི་རྣམ་པ་མི་འདྲ་བ་ཞིག་མངོན་ལ། དེའི་གཟི་མདངས་དང་བསྟུན་ནས་དགུང་གི་སྐར་ཚོགས་ཀྱང་གདོད་མའི་རང་གཤིས་གསལ་ལེར་འཆར།
         2016ལོའི་ཟླ་6པར། བོད་ལྗོངས་མངའ་རིས་ཁུལ་དང་ནག་ཆུ་ཁུལ་ནི་མཚན་མོར་ནམ་མཁའི་སྐར་ཚོགས་སྲུང་བའི་རང་རྒྱལ་གྱི་ཚོད་ལྟ་བྱེད་གནས་ཁག་དང་པོ་དངོས་སུ་འཛུགས་ཡུལ་རེད། དོན་དངོས་ཐོག མཚན་མོའི་ནམ་མཁའི་སྐར་ཚོགས་ཀྱི་མཛེས་ལྗོངས་ནི་ཡར་འབྲོག་གཡུ་མཚོ་ཁོ་ན་ལས་མཐོང་ཐུབ་པ་ཙམ་མ་ཡིན་པར། བོད་ཁུལ་ཀུན་ནས་མཐོང་ཐུབ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།དགུན་དུས་སུ་ཡར་འབྲོག་གཡུ་མཚོའི་འགྲམ་ནས་སྐར་ཚོགས་བཀྲ་བའི་ནམ་མཁར་ལྟ་བ།
      

    ཕྱོགས་བསྡུས་གསར་འགྱུར།