འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་འགོ་བརྩམས་ཤིང་། འདི་ཡང་བོད་རང་སྐྱོང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་གཉེར་བ་རེད། ཉིན་དེར། ལྷ་ས་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག་དང་། གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས། དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ནས་ཡོང་བའི་འཐུས་ཚབ་རུ་ཁག་10ཡི་མི་300ལྷག་འགྲན་བསྡུར་ནང་ཞུགས་པ་རེད། ལུས་རྩལ་འགྲན་ཚོགས་ལ་མཆོངས་རྒྱུག་འཕེན་གསུམ་གྱི་རིགས་དང་། སྤྲོ་སྣང་སྐྱེ་བའི་རིགས། མི་རིགས་ཀྱི་རིགས་བཅས་རིགས་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད་ཅིང་། དེ་དག་གི་ཁྲོད་དུ་རྒྱུག་ཤར་འགྲན་བསྡུར་དང་། རྐུབ་སྟེགས་འཁོར་ལོ་ཅན་བསྡད་པའི་ལན་ཆིའུ་སྤོ་ལོ་འགྲན་བསྡུར། ཀེ་རེམ་འགྲན་བསྡུར་སོགས་རྣམ་གྲངས་15ཡོད་པ་རེད། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཧོང་ཅན་གོ་ཡིས་“དབང་བོ་སྐྱོན་ཅན་ཚོར་སྡོད་ཁང་དང་ཟས་གོས་སོགས་ངེས་པར་དུ་མཁོ་བ་མ་ཟད། བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོ་དེ་བས་ཀྱང་མཁོ་བ་ཡིན་ཞིང་། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་རིག་གནས་དང་ལུས་རྩལ་ལས་འགུལ་གོང་དུ་སྤེལ་བར་རྨང་གཞི་ལེགས་པོ་ཞིག་འདིང་ངེས་རེད་”ཅེས་མཚམས་སྦྱོར་བྱས་པ་རེད། 
    ༄༅།།བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།