འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་ཧོང་ཡན་གླིང་ཕྲན་མཚོ་ཁུལ་ནས་ཆུར་ལྷུངས་
    པའི་ཧྥི་ལི་ཕིན་གྱི་ཉ་པ་2བསྐྱབས་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་དུ་ཀྲུང་གོའི་ཕྱོགས་ཀྱིས་ཧོང་ཡན་གླིང་ཕྲན་མཚོ་ཁུལ་དུ་གྲུ་གཟིངས་བཀོད་སྒྲིག་བྱས་ཏེ་ཆུར་ལྷུངས་པའི་ཧྥི་ལི་ཕིན་གྱི་ཉ་པར་རོགས་སྐྱོབ་བྱས་པ་དང་མིག་སྔར་མི་2བསྐྱབས་ཡོད་ཅེས་བཤད་པ་རེད།
         གསར་འགོད་པ་ཞིག་གིས་གསར་འགྱུར་སྤེལ་བ་ལྟར་ན་ཉེ་ཆར་ཧྥི་ལི་ཕིན་གྱི་ཉ་པ་5ཧོང་ཡན་གླིང་ཕྲན་མཚོ་ཁུལ་དུ་ཉ་འཛིན་སྐབས་གར་སོང་ཆ་མེད་དུ་གྱུར་པ་རེད། ཧྥི་ལི་ཕིན་གྱི་མཚོ་ཐོག་ཉེན་རྟོག་ཕྱོགས་ཀྱིས་འཚོལ་སྐྱོབ་བྱ་སྤྱོད་སྤེལ་བ་མ་ཟད། མཚོ་ཁུལ་དེར་ཀྲུང་གོའི་ཕྱོགས་དང་གྲུ་གཟིངས་མཐུན་སྦྱོར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་རོགས་རམ་བྱ་རྒྱུ་ཡིན་ནམ་ཞེས་དྲི་བ་བཏོན་པ་རེད།
         ཀེང་ཧྲོང་གིས་ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། མིག་སྔར་ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་མཚོ་ཁུལ་དུ་གྲུ་གཟིངས་བཀོད་སྒྲིག་བྱས་ཏེ་འཚོལ་སྐྱོབ་བྱས་དང་བྱེད་བཞིན་ཡོད། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་ཕྱོགས་ཀྱིས་ཧོང་ཡན་གླིང་ཕྲན་མཚོ་ཁུལ་ནས་ཆུར་ལྷུངས་པའི་ཧྥི་ལི་ཕིན་གྱི་ཉ་པ་2བསྐྱབས་པ་དང་། མིག་སྔར་མི་དེ་གཉིས་ཀྱི་ཐོབ་ཐང་ཞིབ་བསྡུར་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་མཚོ་ཁུལ་མུ་མཐུད་ནས་འཚོལ་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།