འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་སློབ་མའི་མེ་འཁོར་སྤ་སེ་ཟླ་12ཚེས་1ཉིན་ནས་སྔོན་
    འཚོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་པེ་ཅིང་ལྕགས་ལམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་སློབ་ཆེན་དང་སློབ་གླིང་ཁག་གི་དགུན་དུས་གུང་གསེང་གཏོང་བའི་དུས་ཚོད་ཟླ་1ཚེས་10ཉིན་ནས་ཚེས་23ཉིན་བར་གཅིག་བསྡུས་ཡིན་པར་གཞིགས་ཏེ། པེ་ཅིང་ལྕགས་ལམ་ཅུས་ཀྱིས་2016ལོའི་ཟླ་12ཚེས་1ཉིན་ནས་བཟུང་2017ལོའི་དཔྱིད་གསར་སྐྱེལ་འདྲེལ་སྐབས་ཀྱི་སློབ་མའི་མེ་འཁོར་སྤ་སེ་གཅིག་བསྡུས་སུ་སྔོན་འཚོང་གི་ལས་ཀ་བསྒྲུབ་རྒྱུ་རེད། སློབ་ཆེན་དང་སློབ་གླིང་ཁག་གིས་ཟླ་12ཚེས་1ཉིན་ནས་ཚེས་7ཉིན་བར་འབྲེལ་མཐུད་དྲ་རྒྱར་ཞུགས་ཏེ་སྤ་སེ་སྔོན་ཉོའི་ཞུ་ཡིག་སྤྲད་ཆོག་པ་དང་། དེ་ནས་ལྕགས་ལམ་ཅུས་ཀྱིས་གཅིག་བསྡུས་ངང་སྤ་སེ་སྔོན་འཚོང་གི་ལས་ཀ་བསྒྲུབ་རྒྱུ་ཡིན་པས། སློབ་མ་ཚོས་དམིགས་འཛུགས་དྲ་གནས་ནས་སྤ་སེ་སྔོན་ཉོའི་མཇུག་འབྲས་འདྲི་རྟོག་བྱས་ཆོག་པ་མ་ཟད། མེ་འཁོར་ས་ཚིགས་ཀྱི་སྤ་སེ་འཚོང་བའི་སྒེའུ་ཁུང་དང་། རང་འགུལ་སྤ་སེ་འཚོང་བའི་འཕྲུལ་འཁོར། སྤ་སེ་ཚབ་འཚོང་བྱེད་ས་བཅས་ནས་རིན་དངུལ་སྤྲད་རྗེས་མེ་འཁོར་སྤ་སེ་བླངས་ཆོག་པ་རེད།
           ལྕགས་ལམ་སྡེ་ཁག་གིས་མིག་སྔར་དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་སློབ་མའི་མེ་འཁོར་སྤ་སེ་གཅིག་བསྡུས་སུ་ཉོས་ཆོག་པའི་མེ་འཁོར་ལ་བསྡད་རྒྱུའི་དུས་ཚད་གཏན་འཁེལ་བྱས་ཡོད་པ་སྟེ། པེ་ཅིང་ནས་རྡོག་ཐོན་པའི་མེ་འཁོར་ལ་བསྡད་རྒྱུའི་དུས་ཚད་ནི་2017ལོའི་ཟླ་1ཚེས་13ཉིན་ཟླ་1ཚེས་23ཉིན་བར་ཡིན་པ་དང་། ཕྱིར་པེ་ཅིང་དུ་ལོག་སྐབས་མེ་འཁོར་ལ་བསྡད་རྒྱུའི་དུས་ཚད་ནི་2017ལོའི་ཟླ་2ཚེས་17ཉིན་ནས་ཟླ་2ཚེས་26ཉིན་བར་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།