འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཞི་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི"11•24"ཡི་ཆེས་ཚབས་ཆེ་བའི་ལས་འཛོལ་
    དོན་རྐྱེན་གྱི་ཁག་འགན་འཁུར་མི་9ཉེས་དོན་བཀག་ཉར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན་གྱི་ཞོགས་པར། ཧྥེང་ཁྲེང་གྲོང་ཁྱེར་གྱི་སྤྱི་བདེ་ཅུས་ཀྱིས་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི"11•24"ཡི་ཆེས་ཚབས་ཆེ་བའི་ལས་འཛོལ་དོན་རྐྱེན་ཁྲོད་འགན་འཁྲིའི་ཆག་སྒོ་ཚབས་ཆེན་བཟོས་པའི་དོགས་ཡོད་ཉེས་ཅན་པའི་ཁག་འགན་འཁུར་མི་9ཁྲིམས་མཐུན་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད། ད་ལྟ། གྱོད་དོན་སྔོན་བཞིན་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
         མི་9པོ་འདི་དག་རེ་རེ་བཞིན་དུ་དྲངས་ན་ཧོ་པེ་ཞིང་ཆེན་དབྱི་ནེང་ཡཱན་ཐ་ཨར་ལས་ཚད་ཡོད་ཀུང་སིའི་ལས་འཛིན་པ་ཀྲང་ཆེ་གེ་མོ་དང་། ཀུང་སི་དེའི་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི་རྒྱ་བསྐྱེད་ཨར་ལས་དུས་རིམ་གསུམ་པའི་རྣམ་གྲངས་པུའུ་ཡི་སྤྱི་ཁྱབ་ཨར་ལས་པ་དབྱི་ཆེ་གེ་མོ།  རྣམ་གྲངས་པུའུ་ཡི་རྒྱུན་ལས་སྤྱི་གཉེར་གཞོན་པ་ཝུའུ་ཆེ་གེ་མོ།  རྣམ་གྲངས་ཨར་ལས་པུའུ་ཡི་པུའུ་ཀྲང་སུང་ཆེ་གེ་མོ། རྣམ་གྲངས་པུའུ་བདེ་བཤེར་པུའུ་ཡི་པུའུ་ཀྲང་ཆེ་གེ་མོ།  ཀྲུང་གོ་གློགས་ཤུགས་ཨར་ལས་བློ་འདྲི་ཚོགས་པའི་ཀྲུང་དབྱང་ལྷོ་ཕྱོགས་གློག་ཤུགས་ཇུས་འགོད་ཁང་ཚད་ཡོད་ཀུང་སིའི་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི་རྒྱ་བསྐྱེད་ཨར་ལས་དུས་རིམ་གསུམ་པའི་རྣམ་གྲངས་པུའུ་བདེ་འཇགས་བདེ་ཐང་ཁོར་སྲུང་པུའུ་ཡི་སྤྱི་གཉེར་པ་ཀུའོ་ཆེ་གེ་མོ།  རྣམ་གྲངས་པུའུ་ཨར་ལས་དོ་དམ་པུའུ་ཡི་སྤྱི་གཉེར་པ་ཀུའུ་ཆེ་གེ་མོ། ཧྲང་ཧའེ་སི་ནའེ་ཏི་ཨར་ལས་བློ་འདྲི་ཚད་ཡོད་ཀུང་སིའི་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི་རྒྱ་བསྐྱེད་ཨར་ལས་དུས་རིམ་གསུམ་པའི་རྣམ་གྲངས་པུའུ་ཡི་ཨར་ལས་ལྟ་སྐུལ་དོ་དམ་པུའུ་ཡི་སྤྱི་ཁྱབ་ལྟ་སྐུལ་པ་ཧུའུ་ཆེ་གེ་མོ།  རྣམ་གྲངས་པུའུ་ཨར་ལས་ལྟ་སྐུལ་དོ་དམ་པུའུ་ཡི་སྤྱི་ཁྱབ་བདེ་འཇགས་ལྟ་སྐུལ་བ་གཞོན་པ་མིའོ་ཆེ་གེ་མོ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།