འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཕེའོ་ཅིང་ཧུའེ་ཡིས"ཆ་རྐྱེན་ཡོད་པའི"ཐོག་ནས་སྲིད་སྟེགས་ལས་བབས་ཆོག་ཚུལ་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕེའོ་ཅིང་ཧུའེ་ཡིས'ཆ་རྐྱེན་ཡོད་པའི'ཐོག་ནས་སྲིད་སྟེགས་ལས་བབས་ཆོག་ཚུལ་བརྗོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཕེའོ་ཅིང་ཧུའེ་ཡིས་རྒྱལ་དམངས་ལ་གཏམ་བཤད་ཐེངས་གསུམ་པ་སྤེལ་སྐབས། རང་ཉིད་ཙུང་ཐུང་གི་འགན་འཁུར་ཡུན་སོགས་པའི"སྡོད་མིན་གྱི་སྐོར"རྒྱལ་ཚོགས་ལ་ཐག་གཅོད་གནང་བྱར་སྤྲད་ཆོག་ཚུལ་བསྟན་པ་རེད། འདི་ནི་ཕེའོ་ཅིང་ཧུའེ་ཡིས"སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱས་པའི"དོན་རྐྱེན་བྱུང་ཚུན་དུ་སྲིད་སྟེགས་ནས་འབབ་མིན་སྐོར་རྣམ་འགྱུར་གསལ་པོ་སྟོན་ཐེངས་ཐོག་མ་རེད། 
          དབྱེ་ཞིབ་པས་ངོས་འཛིན་བྱེད་ཚུལ་ལྟར་ན། ཁོ་རེ་ཡ་ལྷོ་མའི་སྲིད་དབང་མི་འཛིན་པའི་ཏང་ཤོག་ཁག་ཆེ་ཤོས་གསུམ་གྱིས་དེ་སྔ་ཙུང་ཐུང་གི་ནག་ཉེས་ཐར་འདོན་བྱེད་ཉིན་ཟླ་11ཚེས་29ཉིན་ཡིན་པའི་མཇུག་མཐའི་འཆར་ཟིན་གཏན་འཁེལ་བྱས་པ་རེད། ཕེའོ་ཅིང་ཧུའེ་ཡིས་གློ་བུར་དུ་གནད་འགག་གི་དུས་ཚོད་དེར"ཆ་རྐྱེན་ཡོད་པའི"ཐོག་ནས་སྲིད་སྟེགས་ལས་བབས་ཆོག་ལུགས་བསྟན་པའི་དམིགས་ཡུལ་ནི"ཕེའོ་ཅིང་ཧུའེ་ལ་རྒོལ་བའི"མནའ་འབྲེལ་གྱི་ནག་ཉེས་ཐེར་འདོན་འཆར་གཞི་ཐོར་ཞིག་ཏུ་བཏང་ནས། "སྲིད་སྟེགས་སུ་སྡོད་མིན་སྐོར"གྱི་དོན་དེ་ཡང་བསྐྱར་རྒྱལ་ཚོགས་ལ་བསྐྱུར་བའི་ཆེད་དུ་རེད། འདིའི་དབང་གིས་ཁོ་རེ་ཡ་ལྷོ་མའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་འགྱུར་གཞི་གསར་པ་ཞིག་བསྣན་ཡོད་པ་རེད།
    ༄༅།།ཕེའོ་ཅིང་ཧུའེ་ཡིས'ཆ་རྐྱེན་ཡོད་པའི'ཐོག་ནས་སྲིད་སྟེགས་ལས་བབས་ཆོག་ཚུལ་བརྗོད་པ།
    ༄༅།།ཕེའོ་ཅིང་ཧུའེ་ཡིས'ཆ་རྐྱེན་ཡོད་པའི'ཐོག་ནས་སྲིད་སྟེགས་ལས་བབས་ཆོག་ཚུལ་བརྗོད་པ།
      

    ཕྱོགས་བསྡུས་གསར་འགྱུར།