འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དགུན་ཁ་ཤར་མ་ཐག ལྷ་སའི་སྐྱིད་ཆུའི་འགྲམ་གྱི་ཡོད་པ་གསུམ་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་བརྒྱ་ལྷག་ཙམ་གྱིས་ཐོག་བརྩེགས་ཅན་གྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་མདུན་དུ་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མའི་ཏང་གི་སློབ་ཁྲིད་པར་ཉན་བཞིན་ཡོད་ཅིང་། ཁོང་གིས“ཚང་མས་ལྟོས་དང་། ང་ཚོའི་ཐོག་ཁང་ཅི་འདྲའི་མཛེས་སམ། གྲོང་ཁྱེར་ནང་དུའང་ཁང་པ་ཆེན་པོ་དེ་འདྲ་ཡོད་ཀྱི་མ་རེད། བྱས་ཙང་ང་ཚོས་ངེས་པར་དུ་གཅེས་སྤྲས་བྱས་ནས་ཕྱུག་པོར་འགྱུར་བ་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས”ཞེས་བཤད།
          ལྷ་སའི་སྐྱིད་ཆུའི་འགྲམ་གྱི་རྟ་དཀར་ཤང་གི་གྲོང་ཚོ་གསར་པ་ཞིག་དུས་ཐུང་ཟླ་གསུམ་ནང་བསྐྲུན་ནས་གྲོང་མི་རྣམས་འདི་གར་སྤོས་པས“ཡོད་པ་གསུམ”གྱི་གྲོང་ཚོ་(ཁང་པ་ཡོད་པ། ཐོན་ལས་ཡོད་པ། བདེ་ཐང་ཡོད་པ)ཞེས་བརྗོད་ཀྱི་ཡོད། འདི་ནི་བོད་དུ་བསྐྲུན་པའི་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཐོག་མ་དེ་ཡིན་པ་རེད། གྲོང་ཚོ་གསར་པར་གནས་སྐབས་ཏང་ཀྲི་པུས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བཞོན་མ་དང་བོད་བྱ་གསོ་ཚགས་བྱེད་པ་དང་སྨན་རྩྭ་འདེབས་བཞིན་ཡོད་ཅིང་། འདི་ལོ་གྲོང་ཚོ་ཡོངས་ཀྱི་དུད་ཚང་184ཡི་མང་ཚོགས་དབུལ་པོ་712ཀྱི“དབུལ་པོའི་ཞྭ་མོ”འབུད་ཐུབ་པ་བྱུང་བ་རེད།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“སྣེ་ཁྲིད་པ”དང“གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་ཆིག་ཁྲིའི་རིག་གནས་བྱང་ཚད་མཐོར་གཏོང་གི་འདུ་འགོད”“ཏང་ཡོན་གྱི་གདོང་ལེན་འདུ་འགོད”བཅས་གཞི་རིམ་ཏང་འཛུགས་སྐྱོང་གི་འདུ་འགོད་ཁག་གསུམ་ལག་བསྟར་བྱས་ནས་གཞི་རིམ་གྱི་ཏང་ཀྲི་པུའུ་5000ལྷག་ཙམ་གྱིས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སེམས་ནུས་ཡོད་རྒུས་བརྟན་ལྷིང་ལ་སྲུང་སྐྱོང་དང་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད་པ་དང་། གཞི་རིམ་ལས་བྱེད་པ་ཁྲི་3གྱིས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཞི་མཐུན་ལ་སྐུལ་འདེད་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བརྟེན་ས་ཞིག་ཏུ་གྱུར་ཡོད་པ་རེད།
           “ང་ཚོའི་ཁུལ་དུ་རང་བྱུང་ཡུལ་ལྗོངས་མཛེས་པ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ཡོད་ལ། མང་ཚོགས་ལའང་ཡོང་འབབ་བརྟན་པོ་ཡོང་གི་ཡོད”ཅེས་རི་ཆུ་མཛེས་པ་དང་ནགས་ཚལ་སྟུག་པའི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་ལོ་38ལ་སླེབས་པའི་དར་བུས་དེ་ལྟར་བཤད་པ་དང་། ཁོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ནས་ལོ་དྲུག་ཕྱིན་པ་དང་། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་9000ལྷག་ཙམ་ཟིན་གྱི་ཡོད་པ་རེད།
             གྲོང་ཚོ་དེར་ཏང་ཡོན་23ཡོད་པ་དང་ཟླ་རེར་གཅིག་སྡུད་སློབ་སྦྱོང་བྱས་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་གོ་བ་ཡང་དག་བླངས་ནས་དོན་འཁྱོལ་ཡོང་བ་བྱེད་ཀྱི་ཡོད་ཅིང་། དར་བུས་གྲོང་ཚོ་ཡོངས་སུ་ད་ལྟ་དུད་ཚང་དབུལ་པོ་8ཡོད། མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བ་དང་བོད་སྨན་སྨན་རྩྭ་བཏབ་པ་བརྒྱུད། དུད་ཚང་དབུལ་པོ་6བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་དང་། གཞན་ཡང་དུད་ཁྱིམ་གཉིས་ཀྱང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁ་གསབ་ཐོབ་པ་བརྒྱུད། དབུལ་སྒྲོལ་ཐུབ་ཉེར་ཡོད་ཅེས་བཤད།
           དབུལ་སྒྲོལ་ཕྱུག་འགྱུར་དང་ཉེན་སེལ་དཀའ་སེལ་བྱེད་པར་གཞི་རིམ་ཏང་རྩ་འཛུགས་ནི་འགག་རྩ་ཡིན་ཞིང་། འགག་རྩའི་དུས་སུ་ཏང་ཡོན་ལས་བྱེད་པས་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་ཆེད་དུ་ལས་དོན་ཧུར་ཐག་བསྒྲུབས་ཡོད། ན་ནིང་ཟླ་4ཚེས་25ཉིན་ནེ་པ་ལའི་ས་ཡོམ་ཆེན་པོའི་ཤུགས་རྐྱེན་ཕོག་པས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་གྲོང་ཚོར་གནོད་སྐྱོན་ཚབས་ཆེན་ཕོག་པ་རེད། ལོ་གཅིག་ལྷག་ཙམ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་བརྒྱུད་རིམ་ནང་ལོ་34ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་རྡོ་རྗེས་ཉིན་ལྟར་ལས་ཡུལ་དུ་ལས་གྲྭའི་འཕེལ་རིམ་དང་སྤུས་ཚད་ལ་ལྟ་སྐུལ་བྱས་ཡོད་པ་རེད།
           “ས་ཡོམ་བརྒྱབ་རྗེས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་མི་རྣམས་ཀྱི་འཚོ་བ་རྒྱུན་གཏན་བཞིན་སླར་གསོ་ཐུབ་ཡོད་ལ། ཡོང་འབབ་ཀྱང་དེ་སྔོན་ལས་མང་དུ་ཕྱིན་ཡོད། གྲོང་མི་མི་ཉུང་བ་ཞིག་སྡོད་ཁུལ་གསར་པར་སྤོས་ཡོད”ཅེས་ཉི་མ་རྡོ་རྗེས་བཤད་པ་དང་། རབ་ཏུ་འཚེར་བའི་ཉི་འོད་འོག་ལས་ཀ་བྱེད་མང་བའི་རྐྱེན་གྱིས་ཉི་མ་རྡོ་རྗེའི་གདོང་ནག་ལ་རིད་པ་ཞིག་ཏུ་གྱུར་ཡོད་ཅིང་། ད་དུང་ཁོང་གིས“གྲོང་མི་རྣམས་གང་མགྱོགས་བདེ་འཇགས་ལྡན་པའི་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱ་རྒྱུ་ནི་ངའི་རེ་བ་ཆེ་ཤོས་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།