འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཐད་བསྟུད་མར་
    འགག་སྒྲོལ་བྱས་པས་གཞུང་བཙུགས་སྨན་ཁང་གི་འགྲོ་གྲོན་ཚོད་འཛིན་ནུས་ལྡན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྱུར་བཅོས་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། 2016ལོར་མཚོ་སྔོན་གྱིས་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་14ཚང་མས་སྨན་རྫས་རིན་གོང་སྤར་མེད་པར་ཕྱིར་ཚོང་བྱས་པ་དང་འབྲེལ། སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཧུར་ཐག་བྱས་པས་སྨན་བཅོས་འགྲོ་སོང་ལུགས་དང་མི་མཐུན་པར་སྤོར་བའི་སྣང་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། ནད་པ་སྨན་ཁང་དུ་སྡོད་རིམ་བཞིན་གྱི་འགྲོ་སོང་སྤྱི་ཡོངས་ནས་ཆག་པ། སྨན་ཁང་དུ་སྡོད་པའི་ཉིན་གྲངས་དང་སྨན་གྱི་བསྡུར་གྲངས་ལུགས་མཐུན་དུ་གྱུར་བ་བཅས་བྱུང་ཡོད།
         མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཞིང་ཨུད་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཧྲུན་ཆིང་གིས་ལོ་ཤས་གོང་ལས་དོན་ཏན་ཏིག་སྤེལ་བ་བརྒྱུད། མཚོ་སྔོན་གྱིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་70དང་གྲོང་ཁྱེར་དང་ཀྲོའུ་རིམ་པའི་གཞུང་བཙུགས་སྨན་ཁང་19སྒྱུར་བཅོས་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། སྒྲུབ་སླ་བ་སྔོན་ལ་སྒྲུབ་པ་དང་། སྒྲུབ་དཀའ་བ་རྗེས་སུ་སྒྲུབ་པ། གོམ་པ་རིམ་སྤོ་བཅས་ཀྱི་བྱེད་སྟངས་སྤྱད་དེ་མཚོ་སྔོན་གྱིས་འདི་ལོ་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་དེ་དག་སྨན་བཅོས་སྒྱུར་བཅོས་འགག་སྒྲོལ་གྱི་གཙོ་གནད་དུ་བརྩིས་ནས་སྨན་ལ་བརྟེན་ནས་སྨན་ཁང་སྐྱོང་བའི་ལམ་སྲོལ་མེད་པ་བཟོས་པ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་དར་སྤེལ་བཏང་བ། སྨན་དོན་མི་སྣའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་བྱས་པ་སོགས་ཕྱོགས་གསུམ་ཐད་ནས་དཀའ་གནད་སེལ་བ་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         འདི་ལོའི་ཟླ་ལྔ་པར། མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་ཚང་མའི་སྨན་རྫས་རིན་གོང་སྤོར་མི་ཆོག་པ་བཟོས་ནས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་སྒོར་དུང་ཕྱུར་1.2བྱས་པ་དེས་དེ་སྔོན་སྨན་རྫས་ཕྱིར་ཚོང་གྲངས་འབོར་གྱི་50%བཟུང་བ་དང་། དེ་བྱིངས་ཀྱི་40%སྨན་བཅོས་འགན་བཅོལ་ནང་བཅུག་ནས་ཐག་གཅོད་བྱེད་པ། ད་དུང་10%སྨན་ཁང་གིས་གཉེར་སྐྱོང་བྱེད་མཁས་པོའི་ངང་མ་གནས་དམའ་རུ་བཏང་ནས་ཚད་རན་པ་བྱེད་ཀྱི་ཡོད། དེ་དང་དུས་མཚུངས། སྨན་བཅོས་འགྲོ་གྲོན་ལུགས་དང་མི་མཐུན་པར་སྤོར་རྒྱུ་ནན་འགོག་བྱས་ཏེ་ལོ་སྟོད་དུ་མཚོ་སྔོན་གྱི་གྲོང་ཁྱེར་གཞུང་བཙུགས་སྨན་ཁང་དུ་སྡོད་རིམ་བཞིན་གྱི་འགྲོ་གྲོན་སྒོར་8703.46ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་འཕར་ཚད་མངོན་གསལ་དོད་པོས་ཆག་ཡོད། གྲོང་ཁྱེར་ཁག་གི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཀྱིས་43.81%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.8ཆག་ཡོད།
         སྒྱུར་བཅོས་ཀྱི་ཕན་འབྲས་ཐོབ་པ་བྱ་ཆེད། མཚོ་སྔོན་གྱིས་ལེ་ལག་ཚང་བའི་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལས་དོན་སྤེལ་ཡོད། འདི་ལོའི་ཟླ་བ་བཅུ་གཅིག་པ་ནས་བཟུང་། མཚོ་སྔོན་གྱིས་གཞུང་བཙུགས་སྨན་ཁང་ཚང་མར་《རྒྱལ་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཚད་ལྡན་(2012ལོའི་པར་གཞི་)》ཞེས་པ་གཅིག་གྱུར་ཐོག་ལག་བསྟར་བྱས་ཏེ་ཞབས་ཞུའི་རྣམ་གྲངས་རིགས་4049ནས་རིགས་9714བར་ལེགས་སྒྲིག་བྱས་ཡོད། དེའི་ནང་སྨན་ཁང་གིས་བརྙན་པར་རིག་པའི་ནད་བརྟག་རིན་གོང་དང་ཚོད་ལྟ་ཁང་གི་ནད་བརྟག་རིན་གོང་ཆ་སྙོམས་ངང་2.51%དང་།2.95%བར་ཆག་ཡོད། འོས་འགན་མི་སྣའི་ངལ་རྩོལ་རིན་ཐང་གི་རྣམ་གྲངས་རིན་གོང་ཡང་བལྟོས་བཅས་ཀྱིས་མཐོ་རུ་བཏང་ཡོད། ནད་དཔྱད་འགྲོ་གྲོན་དང་ནད་གཡོག་འགྲོ་གྲོན་18.64%དང་11.86%སྤར་ཡོད། ནད་ཁྲིའི་འགྲོ་གྲོན་དང་གཤགས་བཅོས་རིན་གོང་14.16%དང་17.16%སྤར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།