འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་ལན་གྱིས་ཀྲུང་གོར་ཞིང་ཞོར་ཐོན་ཟོག་མང་པོ་ཕྱིར་གཏོང་བྱེད་འདོད་ཡོད་ཚུལ་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཕོ་ལན་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡ་ཚའེ་ཁེ་·པོ་ཀུ་ཚི་ཅིས་ཕོ་ལན་གྱིས་ཀྲུང་གོར་ཞིང་ཞོར་ཐོན་ཟོག་ཕྱིར་གཏོང་བྱེད་པའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་བཤད།
         ཚེས་22ཉིན་ཕོ་ལན་རླུང་འཕྲིན་ལས་ཁུངས་ཀྱིས་པོ་ཀུའུ་ཚི་ཅིའི་སྐད་ཆ་དྲངས་ནས་ཕོ་ལན་གྱིས་ཀྲུང་གོར་ཕག་ཤ་དང་ཤ་རིགས་ཐོན་ཟོག་མང་པོ་ཕྱིར་གཏོང་བྱེད་འདོད་ཡོད་ཚུལ་བཤད། གནས་ཚུལ་སྤེལ་བར་གཞིགས་ན། པོ་ཀུ་ཚི་ཅིས་གཟའ་འཁོར་གོང་མར་འཐུས་མི་ཚོགས་པ་འཁྲིད་དེ་ཀྲུང་གོར་འཚམས་འདྲིར་བསྐྱོད་ནས་ཀྲུང་གོའི་ཞིང་ལས་པུའུ་དང་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་དཔོན་རིགས་དང་ཐུག་འཕྲད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།