འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྲག་འཛེགས་རུ་ཁག་གི་2016ལོ་ཧྲིལ་པོའི་འགྲན་བསྡུར་ཚང་མ་མཇུག་བསྒྲིལ་
    ཞིང་གསེར་གྱི་གཟེངས་རྟགས་15བླངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་བྲག་འཛེགས་རུ་ཁག་གི་2016ལོ་ཧྲིལ་པོའི་འགྲན་བསྡུར་ཚང་མ་མཇུག་བསྒྲིལ་
ཞིང་གསེར་གྱི་གཟེངས་རྟགས་15བླངས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་བྲག་འཛེགས་རུ་ཁག་གི་2016ལོ་ཧྲིལ་པོའི་འགྲན་བསྡུར་ཚང་མ་མཇུག་བསྒྲིལ་ཞིང་། འདི་ལོར་ཞུགས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ཁྲོད་ཁྱོན་བསྡོམས་གསེར་གྱི་གཟེངས་རྟགས་15དང་། དངུལ་གྱི་གཟེངས་རྟགས་21 ཟངས་ཀྱི་གཟེངས་རྟགས་18བཅས་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་འདུག  དེ་དག་གི་ནང་སྐབས་24པའི་ཨེ་ཤེ་ཡའི་བྲག་འཛེགས་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་མའི་དཀའ་ཚད་འགྲན་བསྡུར་ནང་ཨང་གཉིས་པ་བླངས་པ་མ་ཟད། རྒྱལ་ཡོངས་ཀྱི་བྲག་འཛེགས་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་མའི་བྲག་འཛེགས་འགྲན་བསྡུར་གྱི་ལོ་འཁོར་མོའི་སྐར་གྲངས་བསྡོམས་འབོར་ཨང་གསུམ་པ་ཡན་ཚང་མ་བླངས་ཡོད་པ་རེད།
         མིག་སྔར། བོད་ལྗོངས་བྲག་འཛེགས་རུ་ཁག་གི་དམིགས་འབེན་གཙོ་བོ་ནི་སང་ལོའི་རྒྱུན་གཏན་འགྲན་བསྡུར་དང་2018ལོའི་ཅ་ཁར་ཐ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་གྲ་སྒྲིག་བྱ་རྒྱུ་ཡིན་པ་དང་། རུ་མི་རྐང་འཛིན་པ་རིན་ཆེན་ལྷ་མོ་དང་། པདྨ་གཡུ་སྒྲོན། ཕུར་བུ་སྒྲོལ་མ་སོགས་ལ་གསེར་གྱི་གཟེངས་རྟགས་དང་དངུལ་གྱི་གཟེངས་རྟགས་ཐོབ་པའི་རེ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།