འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བཅུ་པར་རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    ལས་འགལ་བའི་གནད་དོན་3320ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2016ལོའི་ཟླ་10པར་རྒྱལ་ཡོངས་ཀྱིས་ཁྱོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་3320ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་4578ཐག་གཅོད་བྱས་པ། མི་3226ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།
         རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་པ་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་139 ཀྲུང་དབྱང་ཁེ་ལས་106 ཀྲུང་དབྱང་དངུལ་རྩའི་ཁེ་ལས་15བཅས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེར་སྙན་སེང་ཞུ་བའི་ལམ་ལུགས་བཟོས་པ་རེད།
         ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་བལྟས་ན། 2016ལོའི་ཟླ་10པར་གནད་དོན་3320ཞིབ་བཤེར་ཐག་གཅོད་བྱས་པའི་ནང་སྒྲིག་འགལ་ངང་ཁ་གསབ་རོགས་དངུལ་ལམ་ཡང་ན་ཕན་བདེའི་དངུལ་སྤྲད་པའི་གནད་དོན་839དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྤྲོད་རེས་བྱེད་པའི་གནད་དོན་659 སྒྲིག་འགལ་ངང་གཞུང་འཁོར་སྒེར་སྤྱོད་བྱས་པའི་གནད་དོན་547 སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་བཏུང་བྱས་པའི་གནད་དོན་409 གཉེན་སྒྲིག་དང་འདས་མཆོད་གཟབ་གཉེར་བྱས་པའི་གནད་དོན་454 ཚད་གཞི་ལས་འགལ་བའི་སྣེ་ལེན་མཁོ་འདོན་དང་དང་ལེན་བྱས་པ་དང་། གཞུང་དངུལ་སྤྱད་དེ་རིན་གོང་མཐོ་བའི་རོལ་རྩེད་ལུས་སྦྱོང་གི་བྱེད་སྒོར་ཞུགས་པ། སྒྲིག་འགལ་ངང་མི་སྒེར་གྱི་འདུ་གནས་སུ་ཕར་འགྲོ་ཚུར་འོང་བྱས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་འགལ་བཅས་ཀྱི་གནད་དོན་189 གཞུང་དངུལ་སྤྱད་དེ་ཡུལ་སྐོར་ལ་བསྐྱོད་པའི་གནད་དོན་157 ཐོག་བརྩེགས་ཁང་ཆེན་དང་། ཚོགས་ཁང་། ཟ་ཁང་། སྣེ་ལེན་ཁང་བཅས་ཀྱི་སྒྲིག་འགལ་གྱི་གནད་དོན་66བཅས་ཡོད་པ་རེད། ཟླ་10པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་རྐྱེན་གྱིས་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ལས་བྱེད་པའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་29དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་328ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།