འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་ལག་རྩལ་མི་སྣ་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་གསར་འགོད་པར་ཧྲན་ཏུང་ཅི་ནན་དུ་འཚོགས་པའི་རྒྱལ་ཡོངས་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡང་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཕོག་པའི་དུས་བབ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྡུར་ཚེ་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད། ཞིང་ལས་ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་གཏོང་བར་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་ཞིང་ལས་ལག་རྩལ་མི་སྣ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ཞིང་ཁ་དང་མུ་ཁར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།