འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་
    གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཅང་ཤིས་ཕུང་ཁྲེང་གློག་འདོན་བཟོ་གྲྭ་བརྡིབས་པའི་ལས་འཛོལ་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། དམར་ཐིག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ། ལྟ་སྡོམ་དང་སྔོན་འགོག་བྱ་ཐབས་ནན་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་གཏིང་ཟབ་བྱེད་པ། ལས་འཛོལ་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་མཱ་ཁའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀའོ་ཧྲེང་ཁུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ། རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ཉེ་ཆར་ལས་འཛོལ་ཚབས་ཆེན་ཡང་ཡང་ཐོན་ནས་མི་ཤི་རྨས་མང་པོ་བྱུང་བ་ལས། ས་གནས་དང་ཁེ་ལས་ཁག་གཅིག་གི་དམར་ཐིག་གི་འདུ་ཤེས་ཞན་པ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་མེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་བཀག་ཀྱང་མི་ཁོག་པ་སོགས་མངོན་གསལ་དོད་པའི་གནད་དོན་ཐོན་ཡོད། ལས་འཛོལ་ལས་བྱུང་བའི་བསླབ་བྱ་དང་ལེན་ཡག་པོ་བྱས་ནས་དཔེ་གཅིག་གིས་དོན་བརྒྱ་མཚོན་པ་བྱས་ཏེ་ལྷུ་ཚིགས་ཀྱི་ཞན་ཆ་དམ་འཛིན་གྱིས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་སྔར་བས་གཏིང་ཟབ་བྱེད་དགོས་པ་དང་། བསླབ་བྱར་དམིགས་ནས་ཞིབ་བཤེར་དང་། གནད་དོན་མངོན་གསལ་དོད་པོར་ཞིབ་བཤེར། གནད་དོན་ལ་དམ་འཛིན་གྱིས་ཞིབ་བཤེར་བྱེད་པ་དང་ཁྱོན་ཡོངས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་ལྷུ་ཚིགས་ཞན་ཆར་མཐིལ་རྟོགས་བྱས་ཏེ་བཅོས་སྒྲིག་གི་འགན་འཁྲི་དང་བྱ་ཐབས་ཞིབ་བཤེར་དོན་འཁྱོལ་དང་ཞིབ་བཤེར་ལྟ་སྐུལ་བྱ་ཤུགས་དང་འགན་འཁྲི་བདའ་འདེད་བྱ་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་འགན་ལེན་གྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས། འདི་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཁྱད་ཆོས་ལ་དམིགས་ནས་ཨར་ལས་དང་། རྡོ་སོལ་གཏེར་འདོན། འགྲིམ་འགྲུལ་སྐྱེལ་འདྲེན། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་ཟོག ཤོག་སྦག གློག་དང་དྲོད་རླངས་བཏང་ནས་དྲོད་ལེན་སོགས་ཀྱི་ལས་རིགས་དང་མི་ཚོགས་སྟུག་སའི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་ཤིན་ཏུ་སྡུག་པར་སྔོན་འགོག་ཁ་གཏད་གཅོག་པ་དང་འཕྲལ་སྡོམ་ལས་རེས་བྱ་རྒྱུ་ནན་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་པའི་ཐོག་ནས་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་བྱེད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པ་དང་། “ཏང་སྲིད་མཉམ་དུ་འགན་འཁུར། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ལས་འཛོལ་འགན་འཁྲི་རྩད་གཅོད་བྱེད་པའི”བླང་བྱ་ལྟར་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས་པ། ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ལྟ་སྡོམ་ཁྲིམས་འཛིན་མུ་མཐུད་ཆེ་རུ་དང་ཁྲིམས་འགལ་སྒྲིག་འགལ་ངང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ། བདེ་འཇགས་ཆོག་འཐུས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཉེན་ཁའི་རིམ་པ་བཟོས་ནས་དོ་དམ་ཚོད་འཛིན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཐོག་ནས་བདེ་འཇགས་ཐོན་སྐྱེད་བརྟན་ཞིང་ཡག་པའི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།