འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རྒྱལ་ཡོངས་སུ་གསར་སྐྱེས་མི་འབོར་ཁྲི་1750ལས་བརྒལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་བའི“མི་འབོར་དང་འཕེལ་རྒྱས་ཀྱི་མཐོ་རིམ་བློ་འདྲིའི་ཚོགས་འདུ”ཚེས་26ཉིན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཕེ་ཨན་གྱིས་ཚོགས་འདུའི་ཐོག་2016ལོར་རྒྱལ་ཡོངས་སུ་གསར་སྐྱེས་མི་འབོར་ཁྲི་1750ལས་བརྒལ་ཏེ་ཁྱོན་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཀྱི་སྔོན་དཔག་དང་སྤྱིར་མཐུན་ཡོད་ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཁྱོན་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཅིག་སོང་རིང་སྲིད་ཇུས་ལྟར་བུ་བཙར་སྐུལ་ལྕག་བྱེད་པའི་སྲིད་ཇུས་མ་ལག་ཆགས་བཞིན་ཡོད། འཆར་ལྡན་བུ་བཙའ་དང་། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་བསྡོམས་རྩིས། ཞིང་ཆེན་ཁག་གི་གསར་སྐྱེས་མི་འབོར་དང་མངལ་ཆགས་པའི་གནས་ཚུལ་གྱི་དཔྱད་གཞིའི་ཡིག་རིགས་ཀྱི་ཕྱོགས་བསྡུས་ཞིབ་དཔྱོད་བཅས་གཞིར་བཟུང་། 2016ལོར་གསར་དུ་སྐྱེས་པའི་མི་འབོར་ཁྲི་1750ལས་བརྒལ་ནས་2000ལོའི་སྔ་རྗེས་སུ་སྐྱེས་པའི་མི་འབོར་གྱི་གཞི་ཁྱོན་དང་སྤྱིར་མཚུངས་ཀྱི་ཡོད། 2010ལོ་ཚུན། རང་རྒྱལ་དུ་ཕྲུ་གུ་སྐྱེ་ཚད་1.54ནས་1.64བར་གནས་ཡོད། རྒྱལ་ཡོངས་སུ་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཅིག་ཙམ་སོང་རུང་བུ་བཙའི་སྲིད་ཇུས་རྦད་དེ་སྤྱོད་པར་ད་དུང་དུས་ཚོད་ངེས་ཅན་དགོས་པ་དང་སྔོན་དཔག་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཕྲུ་གུ་སྐྱེ་ཚད་1.8ཡས་མས་སུ་འཕར་ཆག་ཡོང་རྒྱུ་རེད། ཝང་ཕེ་ཨན་གྱིས་མིག་སྔར་བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་སོང་བའི་ཕན་འབྲས་རིམ་བཞིན་མངོན་ནས་སྔོན་ཚུད་དང་མཐུན་པ་དང་འབྱུང་འགྱུར་བུ་བཙའི་འགྱུར་ལྡོག་ཐད་ད་དུང་དུས་ཡུན་རིང་པོ་ལྟ་ཞིབ་བྱེད་དགོས་ངེས་རེད། མི་འབོར་གྱིས་དཔལ་འབྱོར་སྤྱི་ཚོགས་དང་ཐོན་ཁུངས་ཁོར་ཡུག་ཐད་ནང་གནས་རང་བཞིན་དང་ཆ་ཚང་བའི་རང་བཞིན་གྱི་ཤུགས་རྐྱེན་ཕོག་པས་མི་འབོར་མང་ཉུང་ལ་བལྟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་ཡོད་མེད་སྟབས་བདེའི་ངང་བརྡར་ཤ་གཅོད་མི་རུང་བར་མི་འབོར་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བར་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ངེས་ཡིན་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།