འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཙམ་པབ་ཝེའི་དམག་དཔུང་ལ་ལག་རྩལ་ཐད་རོགས་སྐྱོར་གནང་བར་ཙམ་པབ་
    ཝེས་ཐུགས་རྗེ་ཆེ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ་ཙམ་པབ་ཝེའི་ཚན་མོའུ་སློབ་གླིང་ཞིག་གི“བཀོད་འདོམས་པ་དང་ཚན་མོའུ་མཉམ་འབྲེལ་གསོ་སྦྱོང་འཛིན་གྲྭའི”སློབ་མའི་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་སྐབས། ལོ་མང་རིང་ཀྲུང་གོས་ཙམ་པབ་ཝེའི་དམག་དཔུང་ལ་ལག་རྩལ་ཐད་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
         ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། མུའུ་ཅ་པེས་གཏམ་བཤད་གནང་སྐབས“ཀྲུང་གོ་ནི་ང་ཚོའི་དུས་དང་རྣམ་པ་ཀུན་གྱི་རོགས་ཟླ་ཡིན། ཀྲུང་གོའི་དགེ་རྒན་ཚོར་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཆེད་ལས་ཀྱི་བྱང་ཚད་ལྡན་པས། ཚན་མོའུ་སློབ་གླིང་དུ་ཡོང་ནས་ང་ཚོའི་དམག་དཔོན་གསོ་སྦྱོང་བྱས་པ་མ་ཟད། དམག་དཔུང་ལ་ལག་རྩལ་ཐད་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་ཡོད། སྔར་སོང་དང་ད་ལྟ་གང་ཞིག་ཡིན་རུང་ང་ཚོས་ཀྲུང་གོའི་རོགས་རམ་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུ་རྒྱུ་ཡིན”ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།