འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་བསྐྱར་བཟོའི་ཐད་ཚད་བརྒལ་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་རང་རྒྱལ་ནས་ཐོན་པའི་འཁོར་རྟེན་ཨ་མའི་བསྐྱར་བཟོའི་རང་རྒྱལ་གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་དང་པོ་ཧོ་ཕེར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་འབྲེལ་ཀྲུང་གོ་སྤུས་ཚད་བདེན་དཔང་ར་འཕྲོད་ལྟེ་གནས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དེ་ཐོག་ནས་རང་རྒྱལ་གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་གྱི་བསྐྱར་བཟོའི་ཁྱབ་ཁོངས་ཀྱིས་འཁོར་རྟེན་ཨ་མའི་རང་བརྟེན་ཞིབ་བཟོའི་འཇུར་མིག་ཚད་བརྒལ་བྱུང་ནས་རང་རྒྱལ་གྱིས་རྩེར་སོན་འཁོར་རྟེན་དེ་རིགས་བཟོ་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད།
         སྒྲིག་ཆས་དེ་ཧོ་ཕེའི་ས་རིམ་གྱི་སྔོག་འདོན་བྱ་གཞིའི་གནས་ཚུལ་དང་བསྟུན་ནས་བསྐྱར་དུ་བཟོས་པའི་སའི་གནོན་ཤུགས་དོ་སྙོམས་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་ཞིག་རེད། ཀྲུང་གོ་ལྕགས་ལམ་ཕུག་ལམ་ཚོགས་པས་གསར་གཏོད་རང་བཞིན་གྱིས་ཚན་ཞིབ་དང་བཟོ་བཅོས་མངག་ཐོའི་ཐོན་སྐྱེད་རྣམ་པ་སྤྱད་དེ་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་དང་དེ་བཞིན་སྔོག་འདོན་ལག་རྩལ་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཚན་ཞིབ་ཚོགས་པའི་འགོ་ཁྲིད་འོག་ལུའོ་དབྱང་LYCའཁོར་རྟེན་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་གྱི་འཁོར་རྟེན་ཨ་མ་རང་རྒྱལ་ནས་ཐོན་སྐྱེད་བྱེད་ཐུབ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཁོར་རྟེན་ཨ་མ་གསར་པའི་ཚངས་ཐིག་ལ་སྨི་2.6ཡོད་པས་ཚངས་ཐིག་སྨི་6ནས་7བར་གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་གྱིས་ཟམ་མི་ཆད་པར་ཆུ་ཚོད་ཁྲི་1.5ཡན་ལས་ཀ་བྱེད་ཐུབ་པ་དང་མ་བཅོས་རྒྱུ་ཆའི་འཆར་འགོད་སོགས་རང་བདག་ཤེས་བྱའི་བདག་དབང་དང་ཆེད་སྤྱོད་ཚད་གཞི་མང་པོ་གྲུབ་པ་དེ་ཐོག་ནས་རང་རྒྱལ་གྱིས་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་གྱི་སྲོག་ཤིང་ལག་རྩལ་ཁོང་དུ་ཆུད་ནས་ཕྱི་རྒྱལ་ཀུང་སི་ཉུང་ཤས་ཀྱིས་ལག་རྩལ་སྒེར་སྡེམ་བྱས་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད།
         སྤྱོད་ཡུན་ཐུང་བ་དང་སྒྲིག་ཆས་ཀྱི་མ་གནས་ཆེ་བའི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་དེ་མིག་སྔ་རྒྱལ་ནང་དུ་1200ལྷག་ཙམ་ཡོད། འཕྲུལ་འཁོར་རྙིང་པར་གྱུར་བའི་གནད་དོན་རིམ་གྱིས་ཛ་དྲག་ཏུ་སོང་བ་དང་སྦྲགས། ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་འབོར་ཆེན་ཞིག་གི་ནུས་པཉམས་པ་དང་། མ་གནས་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། ཐ་ན་བེད་མེད་ཟོག་རོར་གྱུར་བའི་གནད་དོན་ཐོན་པས་བསྐྱར་བཟོ་བྱ་རྒྱུར་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ལྡན་ཡོད།
         2016ལོར་བཟོ་ལས་དང་ཆ་འཕྲིན་ཅན་པུས་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་བསྐྱར་བཟོའི་ཚོད་ལྟའི་ཚན་པ་གཏན་འཁེལ་བྱས་ཡོད། ཀྲུང་གོ་ལྕགས་ལམ་ཕུགས་ལམ་ཚོགས་པ་ནི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་བསྐྱར་བཟོའི་ཚོད་ལྟའི་ཚན་པའི་ནང་བཅུག་པའི་ཨར་སྐྲུན་ཁེ་ལས་གཅིག་པུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།