འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཡིག་གཟུགས་རིས་སྒྱུ་རྩལ་ཁང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཡིག་གཟུགས་རིས་སྒྱུ་རྩལ་ཁང་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་གཉེར་འགན་འཁུར་བ། གངས་ལྗོངས་སྒྲ་གཟུགས་གློག་རྡུལ་དཔེ་སྐྲུན་ཁང་དང་ཐེན་ལི་རིག་གནས་སྨྱན་སྦྱོར་ཚོགས་པས་རོགས་གཉེར་གནང་བའི་བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་དབུ་བརྙེས་ཚོགས་ཆེན་དང་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད།
         ད་རེས་ཀྱི་བྱེད་སྒོར་ཞུགས་མཁན་འགོ་ཁྲིད་དང་སྐུ་མགྲོན་གྲས་སུ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱི་འགོ་འཛིན་དབྱང་ཅུན་ལིན་སོགས་ཡོད་པ་རེད། 
         བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཧན་ཧྲུའུ་ལི་དང་ཀྲུང་གོ་མཛེས་རྩལ་ཁང་གི་འགོ་གཙོ། ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཝེ་ཧྲན་རྣམ་གཉིས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།