འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་བོད་ལྗོངས་ཀྱི་བྲག་འཛེག་རུ་ཁག་ལ་གསེར་གྱི་རྟགས་མ་15རག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཀྱི་བྲག་འཛེག་རུ་ཁག་གི་2016ལོའི་ལོ་ཧྲིལ་པོའི་འགྲན་བསྡུར་ཚང་མ་མཇུག་འགྲིལ་ནས་འདི་ལོར་ཞུགས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ནང་ཁྱོན་བསྡོམས་གསེར་གྱི་རྟགས་མ་15དང་། དངུལ་གྱི་རྟགས་མ་21 ཟངས་ཀྱི་རྟགས་མ་18བཅས་ཀྱི་གྲུབ་འབྲས་ཡག་པོ་ཐོབ་པའི་ནང་། བྱ་དགའ་ཡག་ཤོས་ནི་སྐབས་24པའི་ཨེ་ཤེ་ཡའི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ་དེ་ཡིན་པ་མ་ཟད། རྒྱལ་ཡོངས་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་བུད་མེད་ཀྱི་བྲག་འཛེག་འགྲན་བསྡུར་ལོ་འཁོར་གྱི་སྤྱིའི་སྐར་གྲངས་ཀྱི་མདུན་གྲལ་ཨང་གསུམ་ཀ་ཁོ་ཚོས་བླངས་ཡོད་པ་རེད།
          བོད་ལྗོངས་ཀྱི་བྲག་འཛེག་རུ་ཁག་གི་རྩལ་ཁྲིད་པ་བསོད་ནམས་རྒྱ་མཚོས་རུ་མི་ཚོར་ཐོབ་པའི་གྲུབ་འབྲས་བཟང་པོར་སྤོབས་སེམས་སྐྱེ་བ་དང་མོས་པོ་བྱུང་བ་མ་ཟད། འགྲན་བསྡུར་དེ་དག་ནང་ནས་བོད་ཀྱི་བྲག་འཛེག་རུ་ཁག་ལ་མིག་སྔར་གནས་པའི་ཞན་ཆའང་མཐོང་ཡོད། བསོད་ནམས་རྒྱ་མཚོས་རྒྱུན་གཏན་གྱི་སྦྱོང་བརྡར་ཁྲོད་རུ་མི་ཚོའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་ཀྱི་ཡོད། རྣམ་གྲངས་ཚང་མ་ངེས་པར་དུ་ཁྱད་དུ་འཕགས་པ་བྱུང་ཚེ་གཞི་ནས་ཨོ་རྩལ་འགྲན་ཚོགས་ནང་ཚུད་སྲིད་པ་མ་ཟད་རྟགས་མའང་བརྩོན་ལེན་བྱེད་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།