འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁྲུང་ཆིང་གིས་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རིམ་ཁག་དཔེ་མཛོད་ཁང་དང་མཉམ་དུ་དགུན་གསེང་རིང་གཞིས་ལུས་བྱིས་པར་དམིགས་པའི་དཔེ་ཀློག་བྱེད་སྒོ་སྤེལ་བ་དང་འབྲེལ། ཞབས་བྲོ་རུ་ཁག་དང་གླུ་གཞས་རུ་ཁག་སོགས་རིག་གནས་དཔུང་ཁག་བཙུགས་ཏེ་གྲོང་ཚོ་ཚང་མར་གཞི་རྩའི་ཆ་ནས་ལུས་སྦྱོང་རིག་གནས་བྱེད་སྒོ་སྤེལ་གྱི་ཡོད། སི་ཁྲོན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས“ཐང་སྡེར་སློབ་ཁང”དང་། སྲོལ་རྒྱུན་གྱི་རིག་གནས་འཆད་ཁྲིད། ཞིང་པའི་ལས་ཞུགས་རྩལ་ནུས། མེ་ཟོན་བདེ་འཇགས། ཤེས་དཔལ་གུས་ལུགས། བཅའ་ཁྲིམས་ཤེས་བྱ་གསོ་སྦྱོང་སོགས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དཔེ་སྟོན་གྲོང་ཚོ་411གིས་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས་བྱེད་སྒོ་ཐེངས་1601སྤེལ་ཡོད། ས་ཁུལ་དབུལ་པོའི་རྫོང་བརྒྱ་གྲོང་ཁྲིའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་འདུ་འགོད་ལག་བསྟར་བྱས་ནས་ལོ་གཅིག་སོང་རིང་། ས་ཁུལ་ཁག་གིས་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཡག་པོ་བསྐྲུན་པ་དང་། ཡག་པོ་སྤྱོད་པ། དོ་དམ་ཡག་པོ་བཅས་བྱ་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ཏེ་ལུགས་ལྡོག་ཞིབ་བཤེར་ཐོག་ནས་རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རིག་གནས་ཀྱི་ཞན་ཆ་གསབ་པ། རིག་གནས་དབུལ་སྐྱོར་ལ་བརྟེན་ནས་རིག་གནས་འབྱོར་འབྲིང་ལ་སྐུལ་འདེད་བཏང་བ་རེད།
           ས་ཁུལ་དབུལ་པོའི་རྫོང་བརྒྱ་གྲོང་ཁྲིའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འདུ་འགོད་འདི་ཀྲུང་དབྱང་དྲིལ་བསྒྲགས་པུས་རིག་གནས་པུའུ་དང་། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ལུས་རྩལ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་དང་མཉམ་དུ་2015ལོའི་ཟླ་བ་བཅུ་གཉིས་པར་ལག་བསྟར་བྱས་ཡོད། སྤྱིའི་འཆར་འགོད་གཞིར་བཟུང་། ས་ཁུལ་དབུལ་པོས་ཤང་གྲོང་རེར་རིག་གནས་བྱེད་སྒོའི་ཐང་ཆེན་རེ་དང་། རིག་གནས་བྱེད་སྒོ་ཁང་རེ། གར་སྟེགས་སྟབས་བདེ་རེ། དྲིལ་བསྒྲགས་སྒྲོམ་སྟེགས་རེ། རིག་གནས་ཡོ་ཆས་ཆ་ཚང་རེ། རླུང་འཕྲིན་ཡོ་ཆས་ཆ་ཚང་རེ། ལུས་རྩལ་ཡོ་བྱད་ཆ་ཚང་རེ་བཅས་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་ཚད་གཞི་ལྟར་གྲོང་ཚོ་རེ་བདམས་ཏེ་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་སྐྲུན་པ་དང་། ཁག་ཐེངས་གཉིས་སུ་བགོས་ནས་རྒྱལ་ཡོངས་སུ་གྲོང་ཚོ་ཁྲི་གཅིག་ལ་སྐྲུནརྒྱུ་ཡིན་པ་རེད།
           མིག་སྔར་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་5000ཙམ་བསྐྲུན་ཟིན་ཞིང་། ས་ཁུལ་ཁག་གིས་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་། བེད་སྤྱོད། དོ་དམ་བཅས་ཀྱི་ཚན་རིག་དང་མཐུན་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་འདུ་འགོད་ཀྱི་དཔེ་སྟོན་ཕན་འབྲས་ད་ལྟ་ཐོན་པ་དང་མི་སེར་གྱི་རིག་གནས་ཐོབ་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཧོ་ནན་ཞིང་ཆེན་གྱིས“གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད”ཀྱི་རྣམ་པའི་ཐོག་ནས་རྨང་གཞིའི་ཆ་རྐྱེན་ཅུང་ལེགས་པའི་གྲོང་ཚོ་50བདམས་ཏེ་སྔོན་ལ་ཚོད་ལྟ་བྱས་པས་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་ས་ཚིགས་299ཟླ་བ་བཅུ་པའི་གོང་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་སྣེ་ཁྲིད་བྱས་པ་དང་། གཞི་རིམ་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི“མཐའ་མའི་འགག་གནད”ཀྱང་སེལ་ཡོད། ཨན་ཧུའེ་ཞིང་ཆེན་གྱིས་དཔེ་སྟོན་ས་ཚིགས་སྐྲུན་རྒྱུ་དང་ཞིང་པའི་རིག་གནས་སྤྲོ་ཁང་སྐྲུན་རྒྱུ་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ས་གནས་ཀྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རིག་གནས་དྲིལ་བསྒྲགས་དང་། ཏང་ཡོན་སློབ་གསོ། ཚན་རིག་ཁྱབ་གདལ། བཅའ་ཁྲིམས་ཁྱབ་གདལ་སློབ་གསོ། རིག་གནས་ལུས་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་གཏོད་རྒྱུ་རེད། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱིས་ས་གནས་དེ་གའི་མང་ཚོགས་ཀྱི་རིག་གནས་ཀྱི་འདུན་པ་དང་། ཁྱད་ཆོས། དགའ་ཕྱོགས་བཅས་དང་ཟུང་འབྲེལ་གྱིས་ལྗོངས་ཡོངས་ཀྱི་གྲོང་ཚོའི་རིག་གནས་ཞབས་ཞུ་ལྟེ་གནས་9133དུ་ལན་ཆིའུ་སྤོ་ལོ་ཐང་བསྐྲུན་ནས་ལོ་ཧྲིལ་པོར་མི་ཐེངས་ཁྲི་10ལྷག་ཙམ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་ཞུགས་ཐུབ་པ་བྱུང་སྟབས“ཀྲུང་གོའི་ཞིང་པའི་NBA”ཞེས་འབོད་སྲོལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།