འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིམ་འདས་རྒྱུད་འདྲེས་ཆུ་འབྲས་ཐོན་འབབ་མཐོ་བའི་འགག་སྒྲོལ་ཞིབ་འཇུག་གིས་
    འཛམ་གླིང་གི་ཟིན་ཐོ་ཁག་མང་པོ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན་གྱི་ཕྱི་དྲོ། ཧུའུ་ནན་ཞིང་ཆེན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2016ལོར་ཡོན་ཧྲི་ཡོན་ལུང་ཕིང་གིས་སྣེ་འཁྲིད་པའི་རང་རྒྱལ་གྱི་རིམ་འདས་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་རྣམ་གྲངས་ལ་ཕན་འབྲས་ཆེན་པོ་ཐོན་ཏེ་འབྲུ་རིགས་ཆ་སྙོམས་མུའུ་རེའི་ཐོན་ཚད་སོགས་འཛམ་གླིང་གི་ཟིན་ཐོ་ཁག་མང་པོ་བཏོད་པ་བརྡ་ཁྱབ་བཏང་བ་རེད།
          ཧུའུ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཏའེ་ཏའོ་ཅིས་ཀྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག འདི་ལོར་ཡོན་ཧྲི་ཡོན་ལུང་ཕིང་མཚོན་བྱེད་དུ་བྱེད་པའི་རྒྱ་ཆེའི་ཞིང་ལས་ཚན་རྩལ་ལས་དོན་པས་མཐུན་སྦྱོར་གྱིས་རིམ་འདས་རྒྱུད་འདྲེས་ཆུ་འབྲས་ཐོན་འབབ་མཐོ་བའི་འགག་སྒྲོལ་ཞིབ་འཇུག་བྱས་ཏེ་ཕན་འབྲས་ཆེན་པོ་ཐོན་པ་དང་འཛམ་གླིང་གི་ཟིན་ཐོ་ཁག་མང་པོ་བཏོད་ཡོད། དེ་ནི་ཧུའུ་ནན་ཞིང་ཆེན་གྱི་ཚན་རྩལ་སྟོབས་ཆེན་ཞིང་ཆེན་གྱི་ཐབས་ཇུས་ལ་སླར་ཡང་གྲུབ་འབྲས་ཆེན་པོ་ཐོབ་པ་ཞིག་ཡིན་ཞིང་། དེའི་ཐོག་ནས་ཧུའུ་ནན་ཞིང་ཆེན་གྱིས་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་བྱས་པའི་འཇོན་ཐང་དང་ཆུ་ཚད་མངོན་པ་མ་ཟད། ད་དུང་ཧུའུ་ནན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་ཡར་ཐོན་དང་འབྲུ་རིགས་ཐོན་སྐྱེད་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།