འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུའུ་ཆིང་ལིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་སེམས་པ་
    གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱིས་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་ཚུལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་བརྟག་ཞིབ་གནང་བ་རེད།
          ཏུའུ་ཆིང་ལིན་གྱིས་པི་ཅེ་གྲོང་ཁྱེར་གྱི་ཁེ་ལས་དང་། སློབ་གྲྭ གྲོང་ཚོ་དབུལ་པོ་བཅས་སུ་ཕེབས་ནས་ཚོད་ལྟ་ཁུལ་འཛུགས་སྐྲུན་གནས་ཚུལ་དང་། ལས་རིགས་སློབ་གསོ་སྤེལ་ཚུལ། དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་ཚུལ། ཏང་མང་མཉམ་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ཚུལ་བཅས་མཁྱེན་རྟོགས་གནང་བ་དང་། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་བ། གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་དབུལ་པོར་འཚམས་འདྲི་གནང་བར་ཕེབས་ཏེ་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་གནད་སྨིན་དབུལ་སྐྱོར་བྱེད་རིང་པི་ཅེ་གྲོང་ཁྱེར་གྱིས་བསགས་པའི་ཉམས་མྱོང་བཟང་པོར་ཁས་ལེན་གང་ལེགས་གནང་ཞིང་། ཧོང་ཏ་ཚོགས་པས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་ཏ་ཧྥང་རྫོང་དུ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་ལག་བསྟར་བྱས་པའི་ཁག་དང་པོའི་གཙོ་གནད་རྣམ་གྲངས་40དང་ལས་འགོ་བཙུགས་མ་ཐག་པའི་ཁག་གཉིས་པའི་གཙོ་གནད་རྣམ་གྲངས་63ཚང་མ་ནུས་ལྡན་གནད་འཕིགས་དང་དམ་པ་དོན་གཉེར་བྱུང་ཡོད། དེ་ནི་ཁེ་ལས་དབུལ་སྐྱོར་ནང་ཞུགས་པའི་གསར་གཏོད་དང་ལག་ལེན་ནུས་ལྡན་ཞིག་རེད་ཅེས་གསུངས་པ་རེད།
          ཏུའུ་ཆིང་ལིན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དེ་དོན་དངོས་ལ་གཞི་ཚུགས་དགོས་པ་དང་། ཡུལ་བབ་དང་བསྟུན་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་དགོས། དབུལ་སྐྱོར་ཀྱི་དམིགས་སའི་རང་བཞིན་ཆེ་རུ་དང་གནད་སྨིན་ཐུབ་ཚད་མཐོ་རུ་གཏོང་དགོས། དུད་ཚང་དང་མི་ལ་རོགས་སྐྱོར་དངོས་འབྲེལ་ཐུབ་པ་དགོས། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དགོས། དམངས་འཚོ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཁོར་ཡུག་ལེགས་སུ་གཏོང་བ། མི་འབོར་དབུལ་པོའི་གཞི་རྩའི་འཚོ་བ་འགན་ལེན་གྱི་བདེ་འཇགས་དྲ་བ་འཛུགས་པ། བྱ་ཐབས་སྣ་ཚོགས་སྤྱད་དེ་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཐུབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཐོབ་སེམས་སྔར་བས་མང་པོ་ཡོང་བ་བྱེད་དགོས་ལ་བདེ་སྐྱིད་ཚོར་སེམས་ཡང་ཆེ་རུ་འགྲོ་ཐུབ་པ་བྱེད་དགོས། མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕུལ་བྱུང་དགེ་རྒན་གི་སྟོབས་ཤུགས་ཆེ་རུ་གཏོང་བ། དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལས་རིགས་རྩལ་ནུས་དང་དངོས་སྤྱོད་ལག་རྩལ་གསོ་སྦྱོང་ལས་དོན་སྤེལ་བ་བཅས་བྱས་ནས་མང་ཚོགས་དབུལ་པོའི་ལས་གཏོད་ཕྱུག་འགྱུར་ནུས་པ་ཆེ་རུ་གཏོང་དགོས། ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཁྲོམ་རའི་དགོས་མཁོར་དམིགས་པ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཁྱད་ལྡན་ཐོན་ལས་ཚོགས་བསྐྱེད་སྲིང་བྱེད་པ་བཅས་བྱས་ནས་ས་ཁུལ་དབུལ་པོའི“རང་རྟེན”ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་དུ་བསྡུས་ནས་མི་སེམས་གཅིག་མཐུན་ཡོང་ཐབས་བྱེད་དགོས། སྤྱི་ཚོགས་ཀྱི་དབུལ་སྐྱོར་མཉམ་ཞུགས་ལམ་སྲོལ་གཏོད་པ་དང་ཆབས་ཅིག་ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཧུར་བརྩོན་རང་བཞིན་འཕེལ་བ་བྱེད་དགོས། རིམ་པ་མང་པོས་ཐུན་མོང་ཐོག་ནུས་ཤུགས་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཁག་གིས་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།