འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་འདི་ཉིད་མ་རྩའི་ཁྲོམ་ར་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་ཁྲེང་ཏུར་འཚོགས་པའི“བདག་དབང་ཉོ་ཚོང་ཁྲོམ་རའི་ཞབས་ཞུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གསར་གཏོད་གླེང་སྟེགས”ཐོག 2012ལོ་ནས་2015ལོ་བར་བདག་དབང་དང་། རྐང་དབང་། དངོས་ཟོག་རྒྱུ་ནོར། གཏུག་བཤེར་རྒྱུ་ནོར། དངུལ་རྩའི་རྒྱུ་ནོར། ཁོར་ཡུག་གི་ཁེ་དབང་། སྤྱི་པའི་ཐོན་ཁུངས། ལག་རྩལ་བདག་དབང་། ཁེ་ལས་ཀྱི་མ་དངུལ་མཉམ་བསྡུའི་ཞབས་ཞུ། རིག་གནས་བདག་དབང་། ནགས་ལས་བདག་དབང་། གཏེར་འཚོལ་བདག་དབང་། གྲོང་གསེབ་ཀྱི་བདག་དབང་བཅས་ཀྱི་ཉོ་ཚོང་ཚུད་པའི་སྤྱི་དབང་དང་སྤྱི་དབང་མིན་པའི་ལས་སྒོའི་རིགས་12ཀྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་10ལྷག་ཟིན་པ་གསར་འགོད་པར་ཤེས་རྟོགས་བྱུང་།
           གཞན་ཡང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2007ལོ་ནས་ས་གནས་ཁག་གི་བདག་དབང་ཉོ་ཚོང་སྒྲིག་གཞིས་དངོས་སུ་ལས་གཉེར་བྱས་ནས་ཁེ་ལས་ཀྱི་གཞུང་ཁོངས་བདག་དབང་སྒོར་དུང་ཕྱུར་9590ནང་བཤུག་བཏང་བ་ཚོད་སྐོར་བྱས་པ་ལས་འཕར་ཐང་སྒོར་དུང་ཕྱུར་1626་མང་དུ་སོང་བ་དང་ཆ་སྙོམས་འཕར་ཐང་འཕར་ཚད་20%ཟིན་པ་དང་། བདག་དབང་ཁྲོམ་རས་གཞུང་ཁོངས་རྒྱུ་ནོར་རིན་ཐང་མ་ཆག་པ་དང་འཕར་ཐང་འཕར་བར་བྱས་ནས་ཕྱིར་མི་གྱར་བར་ནུས་པ་ཆེན་པོ་ཐོན་ཡོད།
          གསར་འགོད་པར་ཤེས་རྟོགས་བྱུང་དོན། 2016ལོའི་ཟླ་དང་པོ་ནས་བཅུ་པ་བར་ཀྲུང་དབྱང་ཁེ་ལས་ཀྱིས་ཀྲུང་དབྱང་གི“ཁུ་བསྡུ་ཕན་ཆེ་དང་། སྤུས་ཕན་གཉིས་འཕར་ཡོང་བའི”བླང་བྱ་ལྟར་བདག་དབང་ཉོ་ཚོང་ཁྲོམ་ར་བརྒྱུད་བདག་དབང་དང་རྒྱུ་ནོར་སྒོར་དུང་ཕྱུར་398ཐག་གཅོད་བྱས་པའི་ནང་། ཕན་མེད་ནུས་མེད་དུ་གཏོགས་པའི་སྒོར་དུང་ཕྱུར་312ཟིན་པ་དེས་ཉོ་ཚོང་བསྡོམས་འབོར་གྱི་78%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།