འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་པ།

    གཙོ་གནད་ས་ཁོངས་སྡེ་ཁུལ་དང་ཞིང་འབྲོག་ཁུལ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། སྤྱི་བདེ་ཐིང་། མེ་ཟོན་སྤྱི་ཁྱབ་རུ་ཁག་བཅས་རིམ་པ་གསུམ་གྱི་《2016ལོའི་དགུན་དཔྱིད་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་ཇུས་གཞི་》བཏོན་པ་རེད། སྤྱི་བདེ་པུའི་བླང་བྱ་གཞིར་བཟུང་། 2016ལོའི་བོད་ཀྱི་དགུན་དཔྱིད་མེ་ཟོན་ཐད“དུས་བདེའི་སྡེ་ཁུལ”བརྗོད་བྱ་གཙོ་བོར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་དང་ཞིང་འབྲོག་ཁུལ་གཙོ་གནད་དུ་བཟུང་ཡོད་པ་རེད། བོད་ཀྱིས་ཉེ་བའི་ལོ་10ཡི་རིང་གི་དགུན་དཔྱིད་མེ་སྐྱོན་ཐོན་པའི་ཆོས་ཉིད་ལ་གཞིགས་ནས། མེ་སྐྱོན་80%ཡན་དང་ལྷག་པར་དུ“མི་སྣ་ཤི་རྨས་བྱུང་བའི་མེ་སྐྱོན”དོན་རྐྱེན་ཚང་མ་བོགས་གཏོང་ཁང་པ་དང་སྒོ་རྒྱུད་ཚོང་ཁང་སོགས་འདུ་གནས་ཆུང་ངུར་ཐོན་ཡོད། དེ་དང་ཆབས་ཅིག ཚན་པ་ཆེན་པོར་མེ་ཟོན་སྡེ་ཚན་གྱི་ཐད་ཀར་ལྟ་སྐུལ་དོ་དམ་བྱེད་པ་དང་། ནང་ངོས་ཀྱི་དོ་དམ་དང་མེ་གསོད་སྒྲིག་ཆས་ཚང་མ་ཅུང་ཚད་ལྡན་ཡོད་པས་དོན་རྐྱེན་ཐོན་ཚད་ཅུང་ཆུང་ཆུང་ཡིན་པ་རེད། དེར་བརྟེན་བོད་ཀྱི་རིམ་ཁག་མེ་ཟོན་སྡེ་ཚན་གྱིས་གཙོ་གནད་སྔོན་འགོག་ཚོད་འཛིན་ཁྱབ་ཁོངས་ཞིང་འབྲོག་ཁུལ་དང་སྡེ་ཁུལ་དུ་འཇོག་རྒྱུ་ཡིན་པ་རེད།
          བོད་རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་མེ་ཟོན་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དགུན་དཔྱིད་མེ་སྐྱོན་སྔོན་འགོག་ཚོད་འཛིན་བྱེད་རིང་མེ་སྐྱོན་གྱི་ཉེན་ཁ་གཙོ་བོ་ནི་མེ་སྤྱོད་གློག་སྤྱོད་ཡིན་པ་རེད། དགུན་ཁ་བོད་དུ་གཅིག་སྡུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་མེད་སྟབས་དྲོད་ལེན་ཐབས་ཚང་མ“རྐྱང་པར”བརྟེན་དགོས་ཀྱི་ཡོད་པ་དང་། དེའི་སྟེང་བོད་ཀྱི་བལྟོས་བཅས་དྲོད་ཚད་ཧ་ཅང་དམའ་པོ་མིན་པས། བོད་ཀྱི་མི་དམངས་ཚོའི་དྲོད་ལེན་ཐབས་ཚང་མ་སྐབས་འཕྲལ་དང་སྐབས་བསྟུན་རང་བཞིན་གྱི་བྱ་སྤྱོད་ཅིག་རེད། དེར་བརྟེན། གྲོང་མི་མང་པོ་ཞིག་གིས་མེ་སྤྱོད་གློག་སྤྱོད་བྱས་ནས་དྲོད་ལེན་པའི་ཉམས་མྱོང་གསོག་འཇོག་དང་འཚོ་བའི་གོམས་གཤིས་ཐད་ལ་རྒྱུན་མཐུད་རང་བཞིན་དང་གོམས་གཤིས་རང་བཞིན་མེད་པའི་ཁར། སྐབས་བསྟུན་རང་བཞིན་ཧ་ཅང་ཆེན་པོ་ཡོད་པས། སྐབས་བསྟུན་གྱི་བརྒྱུད་རིམ་དེ་རིགས་ཀྱི་ཁྲོད“བསམ་ཡུལ་ལས་འདས་པའི”དོན་རྐྱེན་ཐོན་སླ་པོ་ཡོད། ལྷག་པར་དུ་བཀོལ་སྤྱོད་ནོར་འཁྲུལ་བྱས་པའི་རྐྱེན་གྱིས་མེ་སྐྱོན་གྱི་དོན་རྐྱེན་དེ་བས་ཐོན་སླའོ།
          ཤེས་རྟོགས་བྱས་པར་གཞིགས་ན། དགུན་ཁ་དང་དཔྱིད་ཀ་ཧྲིལ་པོའི་མེ་ཟོན་ལས་དོན་གྱི་གཙོ་གནད་ལྷུ་ཚིགས་ནི“དུས་ཆེན་གསུམ་དང་ཚོགས་འདུ་གཉིས”ཀྱི་རིང་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་མང་ཚོགས་ཁྲོམ་གཟིགས་སྒང་ཁྲོམ་རར་གཅིག་སྡུད་ཐོག་ཚོང་ཟོག་ཉོ་སྒྲུབ་བྱེད་ཀྱི་ཡོད། སྐབས་དེ་ནི་ཁྲོམ་གཟིགས་སྒང་དུ་མི་སྣ་འདུ་འཛོམ་ཆེ་ཤོས་ཀྱི་དུས་སྐབས་ཡིན་པས། མེ་ཟོན་དང་འགྲིམ་འགྲུལ་ཐད་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། བོད་ཀྱི་རིམ་ཁག་མེ་ཟོན་སྡེ་ཚན་གྱིས་གཙོ་གནད་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་མཚན་བཤེར་དང་། “མཚན་གུང་གི་བྱ་སྤྱོད”ས་གནས་ས་ཐོག་གི་ལྟ་སྲུང་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་མི་དམངས་རྣམས་དུས་ཆེན་ཡག་པོ་ཞིག་གཏོང་ཐུབ་རྒྱུར་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།