འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འགན་བཅོལ་ལས་རིགས་ཀྱི་《ཞིང་ལས་འགན་བཅོལ་ཞབས་ཞུའི་སྤྱི་སྲོལ་》ཞེས་པའི་ཚོགས་
    པའི་ཚད་གཞི་ཐོག་མར་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་《ཞིང་ལས་འགན་བཅོལ་ཞབས་ཞུའི་སྤྱི་སྲོལ་》ཁྱབ་བསྒྲགས་བྱས་པ་དེ་ནི་འགན་བཅོལ་ལས་རིགས་ཀྱི་ཚོགས་པའི་ཚད་གཞི་ཐོག་མ་དེ་ཡིན་པས་དངོས་ཡོད་བཀོལ་སྤྱོད་རིམ་པ་ནས་ཞིང་ལས་འགན་བཅོལ་གཉེར་སྐྱོང་དོ་དམ་གྱི་གོ་རིམ་ཧྲིལ་པོ་ཚད་ལྡན་དུ་གཏོང་རྒྱུ་རེད།
           《ཞིང་ལས་འགན་བཅོལ་ཞབས་ཞུའི་སྤྱི་སྲོལ་》གྱིས་འགན་བཅོལ་ལས་ཁུངས་ཀྱི་རྨང་གཞིའི་ཞབས་ཞུ་དང་། ནང་ཁུལ་ཚོད་འཛིན་དོ་དམ། འགན་གཙང་ཞབས་ཞུ། གུན་གསབ་ཞིབ་བཤེར་གྱི་ཞབས་ཞུ། འདྲི་རྩད་ཞབས་ཞུ། གནས་ཐང་འཕར་གྲངས་ཀྱི་ཞབས་ཞུ། བློ་འདྲི་ཞུ་གཏུག་སོགས་ཕྱོགས་བདུན་ཐད་ནས་བཀོལ་སྤྱོད་ཚད་གཞི་ཁ་གསལ་བཏོན་ཡོད།
          དེའི་ཁྲོད་ནང་ཁུལ་ཚོད་འཛིན་དོ་དམ་ཐད་འགན་བཅོལ་སྒྲིག་གཞིས་གནོད་འཚེ་ཚབས་ཆེན་གྱི་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་བཙུགས་ནས་ཞིང་ལས་ཀྱི་ཐོལ་བྱུང་གནོད་འཚེའི་དོན་རྐྱེན་འཕྲལ་མར་ཐག་གཅོད་བྱེད་པ་དང་ལས་སྒོའི་གཞི་ཁྱོན་དང་དེ་བཞིན་འཇལ་ནུས་དང་འཚམ་པའི་གནོད་འཚེ་ཚབས་ཆེན་ཁ་འགྲེམས་ལམ་སྲོལ་བཙུགས་ཏེ་འགན་བཅོལ་བསྐྱར་དུ་བྱེད་པའི་ལམ་ལུགས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་ཚུད་ཡོད།
          འགན་གཙང་ཞབས་ཞུའི་ཐད་འགན་བཅོལ་སྒྲིག་གཞིས་ཞིང་དུད་ཀྱི་གནས་ཚུལ་ཤེས་དབང་དང་རང་བདག་དབང་ཆ་འགན་ལེན་བྱས་ནས་ཞིང་དུད་འགན་བཅོལ་ནང་ཞུགས་རྒྱུར་མགོ་སྐོར་བསླུ་བྲིད་བྱ་རྒྱུ་མེད་ལ་ཚུལ་མིན་ཐབས་ལམ་ཐོག་ནས་ཞིང་དུད་འགན་བཅོལ་ནང་ཞུགས་རྒྱུར་བཙན་སྐུལ་བྱེད་པའམ་ཡང་ན་ཞིང་དུད་འགན་བཅོལ་ནང་ཞུགས་རྒྱུར་ཚོད་འཛིན་ཡང་བྱ་རྒྱུ་མེད་པ་དང་། འགན་གཙང་འགྲོ་ལུགས་སྟངས་སྟབས་བདེ་རུ་བཏང་སྟེ་འགན་བཅོལ་བྱ་ཡུལ་གྱི་ཆ་འཕྲིན་ཡང་དག་ཡོང་བ་བྱེད་དགོས་པ་ཚུད་ཡོད།
          གུན་གསབ་ཞིབ་བཤེར་ཞབས་ཞུའི་ཐད་འགན་བཅོལ་སྒྲིག་གཞིས་ཆུ་ཚོད་24ཡི་རིང་ཞིང་དུད་ཀྱི་གྱོད་དོན་སྙན་སེང་དང་ལེན་བྱས་ནས་བརྟག་དཔྱད་སྙན་ཞུ་འབྲི་སྐབས་བརྟག་དཔྱད་དུས་ཚོད་དང་ས་གནས་གསལ་པོ་འགོད་དགོས་པ་མ་ཟད། འགན་བཅོལ་བྱ་ཡུལ་གྱི་གནོད་འཚེ་ཕོག་ཚུལ་དང་ལས་འཛོལ་རྒྱུ་རྐྱེན་དང་དེ་བཞིན་འགན་བཅོལ་འགན་འཁྲིའི་ཁོངས་སུ་གཏོགས་མིན་སོགས་ཀྱི་ཐད་བསམ་འཆར་ཁ་གསལ་བཏོན་ཡོད། གུན་གསབ་འཇལ་སྐབས་ཐད་ཀར་རྩིས་ཁྲ་བསྒྱུར་བའི་གུན་གསབ་འཇལ་བའི་བྱ་ཐབས་སྤྱད་དེ་འགན་བཅོལ་བྱ་ཡུལ་གྱི་དངུལ་ཁང་རྩིས་ཁྲའི་ནང་གུན་གསབ་འཇལ་དགོས་པ་དང་འབྲེལ་གུན་གསབ་འཇལ་བའི་དཔང་འཛིན་ཉར་དགོས་པ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།