འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་
    བཅོས་སྒྲིག་ཚོད་ལྟའི་ལས་དོན་ལ་རོགས་རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་ལས་དོན་ལེགས་པར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་དང་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས། ཕུགས་ཕན་ལམ་སྲོལ་འཛུགས་པ་སོགས་ཐད་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ཚོད་ལྟའི་ལས་དོན་ལ་རོགས་རམ་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་སྲིད་གཞུང་ཁག་གིས་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱ་རྒྱུ་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས། འགན་འཁྲི་དང་དམིགས་ཚད་གསལ་བཟོ་དང་། ལས་ཀའི་ལམ་སྲོལ་འཛུགས་པ། ལྷན་སྦྱར་མ་དངུལ་དོན་འཁྱོལ། ལག་བསྟར་དུས་རིམ་གཏན་འཁེལ་བཅས་བྱས་ནས། དུས་བཀག་བཞིན་འཛུགས་ཐུབ་རྒྱུའི་འགན་ལེན་བྱས་ཡོད་པ་རེད། ས་ཁུལ་དང་རྫོང་ཁག་གི་ས་ཁོངས་ཀྱི་མ་ལག་འཆར་འགོད་དང་གྲོང་ཚོ་འཆར་འགོད་ཀྱི་ཁྱབ་ཁུལ་གཞིར་བཟུང་། རྫོང་ཁོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་འཆར་འགོད་བཟོས་ནས་སྒྲིག་ཁོངས་འཆར་འགོད་ཐད་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་ཡུལ་བབ་དང་བསྟུན་ནས་དོ་དམ་དང་སྲུང་སྐྱོང་སྟབས་བདེ་བ་དང་། སྤྱོད་གོ་ཆོད་པ། ཕྱིར་འབུད་ཚད་ལོན་བཅས་ཀྱི་བཅོས་སྒྲིག་བྱ་ཐབས་བདམས་པ། ཕྱོགས་བསྡུས་ཆ་ཚང་ལ་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་བཟོ་རྩལ་དང་སྒྲིག་བཀོད་སྒྲིག་ཆས་སྤྱོད་རྒྱུ་བདམས་ནས་ཞིང་དུད་ཀྱི་བཙོག་ཆུ་བསྡུ་འཇུག་གི་གནད་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ།“ཆུ་དང་། གསང་སྤྱོད། ཐབ་ཚང་བཅས་སྒྱུར་བཀོད”དང་ཟུང་འབྲེལ་དམ་ཟབ་བྱས་པ་རེད། དེ་དང་དུས་མཚུངས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་PPPརྣམ་པ་སོགས་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་མདོང་དྲ་དང་། སྒྲིག་ཆས། དོ་དམ་སྲུང་སྐྱོང་ལས་གཉེར་སོགས་ཀྱི་མ་དངུལ་གང་ལེགས་སྤྱད་ནས་བཙོག་ཆུ་བཅོས་སྒྲིག་བྱ་ཐབས་ཁྲོམ་རའི་འཁོར་སྐྱོད་ཕྱོགས་སུ་སྒྱུར་མགྱོགས་སུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།