འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་དྲོད་ཁང་སྔོ་མདངས་རྒྱས། བོད་ཡུལ་གྲོང་སྡེར་སྔོ་ཚལ་འབེལ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཧུའུ་རིང་པུས་ཉིན་ལྟར་སྔ་དགོང་ལ་རང་ཁྱིམ་གྱི་དྲོད་ཁང་དུ་ཐེངས་གཉིས་འགྲོ་གི་ཡོད། འདི་ལོ་དགུན་ཁའི་སྔོ་ཚལ་བཏབ་ཟིན། ཁོང་གིས“ལོ་ན་64ལ་སླེབས་ནའང་དགུན་ཁར་རང་ཁྱིམ་གྱི་སོས་པའི་སྔོ་ཚལ་བཟའ་རྒྱུ་བྱུང་ཡོང་བསམ་མྱོང་མེད”ཅེས་བཤད།
          ཧུའུ་རིང་པུའི་ཁྱིམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཤག་ལ་གྲོང་རྡལ་ཤིན་ཏི་གྲོང་ཚོའི་དུད་ཁྱིམ་དབུལ་པོ་26གྲས་ཤིག་ཡིན་ལ། ཁྱིམ་དུ་ནང་མི་9ཡོད་པ་དང་མི་རེར་ཆ་སྙོམས་ལོའི་ཡོང་འབབ་སྒོར་1800ཙམ་ལས་མེད། དབུལ་སྒྲོལ་ཡོང་ཆེད་གྲོང་ཚོའི་ན་གཞོན་མང་པོ་སྐྱེལ་འདྲེན་མཉམ་ལས་ཁང་དུ་ཞུགས་ནས་ཟོག་སྐྱེལ་གྱི་ལས་ཀ་སྒྲུབ་པ་དང་། ངལ་རྩོལ་ནུས་ཤུགས་མེད་པའི་རྒན་རྒོན་གྱིས་ཁྱིམ་དུ་ཕྲུ་གུར་ལྟ་སྐྱོང་དང་ཕྱུགས་ཟོག་འཚོ་སྐྱོང་བྱས་ནས་བསྡད་ཀྱི་ཡོད་པ་རེད།
          ཧུའུ་རིང་པུས་ཁྱིམ་གྱི་ས་ཞིང་མུའུ་4རྨོ་མཁན་མེད་པར་ལྟ་བཞིན་སེམས་ཁྲལ་ལངས་པ་དང་། ཁོང་དང་འདྲ་བར་སེམས་ཁྲལ་བྱེད་མཁན་ད་དུང་མེན་དབྱང་ནས་སླེབས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཀུའོ་ཏའོ་ཡུང་ཡིན་པ་རེད།
          “ཤིས་ཏི་གྲོང་ཚོའི་ཞིང་ས་གཤིན་པོ་མུའུ་བདུན་ཅུ་བརྒྱད་ཅུར་བརྟེན་ནས་ལས་ཀ་ཆེན་པོ་བསྒྲུབ་ཐུབ”ཅེས་ཀུའོ་ཏའོ་ཡུང་གིས་རི་ལྡེབས་སུ་མཛུབ་མོ་བཙུགས་ནས་རི་གཤམ་གྱི་ས་ཞིང་སྟོན་བཞིན་བརྗོད་ཅིང་། ཞིང་ཁར་མ་རྨོས་ལོ་ཏོག་གི་སོག་མ་སྤུངས་ཡོད་པ་དང་བ་གླང་འགས་སོག་མ་ཟ་བཞིན་འདུག
          དགུན་ཁ་བེད་མེད་དུ་གྱུར་པའི་ས་ཞིང་ལ་ལྟ་བཞིན་ཀུའོ་ཏའོ་ཡུང་གིས་ཤིས་ཏི་གྲོང་ཚོར་དྲོད་ཁང་སྔོ་ཚལ་འདེབས་རྒྱུའི་སེམས་ཐག་བཅད། འོན་ཀྱང་འབྲུ་རིགས་འདེབས་སའི་ས་ཞིང་དུ་དྲོད་ཁང་བསྐྲུན་རྒྱུ་ཡིན་པ་ཐོས་སྐབས་ཞིང་པ་མང་པོས་ལས་དེ་བསྒྲུབས་མེད། “ཤིས་ཏི་རུ་སྔོ་ཚལ་མི་སྐྱེ་བས་དེ་ལས་སྔར་བཞིན་ཕྱིར་བསྐྱོད་ནས་གླ་པ་བརྒྱུགས་ན་དགའ”དུད་ཁྱིམ་དབུལ་པོ་ཡིན་པའི་ལི་དབྱིན་ཁྲུན་གྱིས་ཀྱང་ཀུའོ་ཏའོ་ཡུང་གི་འཆར་གཞིར་མོས་མཐུན་བྱས་མེད།
          བློ་སྟོབས་འཕེལ་བའི་ཀུའོ་ཏའོ་ཡུང་ལ་བསམ་ཡུལ་ལས་འདས་པར་འགལ་རྐྱེན་ཕྲད་པས་ཁོང་གིས་དུད་ཁྱིམ་རེ་རེར་ཁ་ཏ་བྱས་ནའང་ཕན་མ་ཐོགས། “སོ་ནམ་ཧ་ཅང་ཁག་པོ་རེད། ས་ཞིང་ལ་འབྲས་བུ་སྨིན་རྒྱུར་ཚང་མར་ཡིད་ཆེས་མི་འདུག”ཀུའོ་ཏའོ་ཡུང་གིས་གྲོང་མི་རྣམས་ཀྱི་སེམས་ཁྲལ་རྟོགས་བཞིན་བཤད།
         “ངའི་ཁྱིམ་དུ་ཚོད་ལྟ་བྱོས་ཤིག”ཧུའུ་རིང་པུར་ཞེད་སྣང་མེད་པར་ཀུའོ་ཏའོ་ཡུང་བཙལ་བ་དང་། “ངའི་ཁྱིམ་ལ་ནང་མི་དགུ་ཡོད་པའི་ནང་ནས་བུ་དང་ཚ་བོ་གཉིས་ལ་ལས་ཀ་བྱེད་རྒྱུ་ཡོད། རྒན་རྒོན་གྱིས་རི་མགོ་ནས་བེ་ཤ་འཐུ་མི་ཐུབ་པས་སོ་ནམ་མ་བྱས་ན་འཚོ་བ་ཇི་ལྟར་སྐྱེལ”ཞེས་བཤད།
          ཀུའོ་ཏའོ་ཡུང་གིས་ཚན་པར་རོགས་སྐྱོར་དངུལ་སྒོར་ཁྲི་15འདུན་ཞུ་བྱས་པ་དང་ཧུའུ་རིང་པུར་ཡུག་སྦྲེལ་དྲོད་ཁང་བསྐྲུན་འགོ་བརྩམས། ཨར་འདམ་དབོར་བ་དང་། ལྕགས་མདོང་ཚ་ལ་རྒྱག་པ། དྲོད་ཁང་རྒྱག་པ། དྲོད་སྲུང་ཡོལ་བ་འགེབས་པ་བཅས་བྱས་ཏེ། དྲོད་ཁང་སྐྲུན་ཆེད་ཧུའུ་རིང་པུར་བྱ་དངོས་གསར་པ་མང་པོར་འཕྲད་པ་དང་། ཕལ་ཆེ་བར་ཞིང་འབྲོག་ཅུས་ཀྱི་ཞིང་ལས་ལག་རྩལ་པ་ཅ་ཀྲེན་ཞང་གིས་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་དགོས་ཀྱི་ཡོད་པ་རེད།
          ཧུའུ་རིང་པུའི་དྲོད་ཁང་དུ་བཏབ་པའི་སྲན་ཆུང་དང་། ཇིན་ཚལ། ཧོང་ཀྭ་བཅས་ལས་ཟླ་5ཡི་རིང་ཁྱིམ་ལ་སྒོར་7000གི་ཡོང་འབབ་རག་གྱུར།
          ཧུའུ་རིང་པུ་ཁྱིམ་ཙམ་མིན་པར་དགུན་དུས་མང་ཚོགས་ལ་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ད་ལོར་ཉག་ཆུ་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་201.26བཏང་ནས་རྫོང་ཡོངས་ཀྱི་ཤང་དབུལ་པོ་14ཡི་དུད་ཁྱིམ་དབུལ་པོ་347ལ་སྔོ་ཚལ་དྲོད་ཁང་བསྐྲུན་པ་རེད། ཅ་ཀྲེན་ཞང་གིས་གསར་འགོད་པར་སྔོ་ཚལ་དྲོད་ཁང་འདི་དག་གིས་སྤྱིར་ན་ཉག་ཆུར་དགུན་དུས་ཕྱི་རོལ་ཏུ་སྔོ་ཚལ་འདེབས་དཀའ་བའི་གནད་དོན་སེལ་ཐུབ་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ནུས་ལྡན་གཏོང་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།