འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་སྐོར་སྐྱོད་ལྟ་ཞིབ་ཐེངས་11པ་ཡོངས་སུ་བཅའ་སྡོད་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན། ཀྲུང་དབྱང་གི་སྐོར་སྐྱོད་ལྟ་ཞིབ་ཚོ་ཆུང་བཅུ་གཉིས་པ་ཀྲུང་གོའི་ཕུའུ་ཏུང་ལས་བྱེད་སློབ་གླིང་དུ་བཅའ་སྡོད་བྱས་པ་དང་། ཀྲུང་དབྱང་གི་སྐབས་བཅོ་བརྒྱད་པའི་སྐོར་སྐྱོད་ལྟ་ཞིབ་ཐེངས་11པའི་ཀྲུང་དབྱང་གི་སྐོར་ཞིབ་ཚོ་ཆུང་15ཚང་མ་བཅའ་སྡོད་ཟིན་པ། 
       ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་གི་སྐབས་བཅོ་བརྒྱད་པའི་སྐོར་སྐྱོད་ལྟ་ཞིབ་ཐེངས་11པས་ལསཁུངས་་ཀྱི་་ཏང་རྩ་འཛུགས་27ལ་ཆེད་དོན་སྐོར་སྐྱོད་ལྟ་ཞིབ་བྱས་པ་དང། དུས་གཅིག་ཏུ་པེ་ཅིང་དང་། ཁྲུང་ཆིང་། ཀོང་ཞི། ཀན་སུའུ་སོགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་4ལ་"ཕྱིར་བལྟས་"སྐོར་སྐྱོད་ལྟ་ཞིབ་བྱས་པ་རེད། བཀོད་སྒྲིག་གནང་བ་ལྟར། 
         ཀྲུང་དབྱང་སྐོར་སྐྱོད་ལྟ་ཞིབ་ཚོ་ཆུང་གིས་སྐོར་སྐྱོད་ལྟ་ཞིབ་བྱེད་ཡུལ་དང་ལས་ཁང་དུ་ལས་ཀ་ཟླ་བ་2ཙམ་བྱེད་རྒྱུ་དང་། ཆེད་མངགས་ལས་རེས་ཞལ་པར་དང་། ཆེད་མངགས་སྦྲག་སྲིད་ཡིག་སྒམ་སོགས་བཀོས་སྒྲིག་བྱས་ཏེ། གནས་ཚུལ་འབྱོར་བའི་ལས་ཁུངས་དེའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་དེའི་ཁོངས་མི། འོག་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པའི་འགན་འཁུར་བ་གཙོ་བོ་དང་ལས་གནས་གལ་ཆེན་འཁུར་བའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་སྐོར་གྱི་ཡིག་བསྐུར་ངོ་བཅར་བདག་སྤྲོད་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། ལས་ཀའི་སྒྲ་ལམ། འཚོ་བའི་སྒྲིག་ལམ་སོགས་དང་འགལ་བའི་སྐོར་ཐེར་འདོན་དང་གོང་ཞུ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།