འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་འདུ་འགོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཕྱོགས་ཡོངས་
    ནས་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་འདུ་འགོད་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཚན་རྩལ་པུའི་པུའུ་ཀྲང་བཅས་ཡིན་པའི་དབན་ཀང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་སྨིན་དབུལ་སྒྲོལ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་དབུལ་སྐྱོར་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་པ་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་འདུ་ཤེས་དང་བྱ་ཐབས་གསར་གཏོད་བྱས་ནས་ཕྱིའི་རྒྱབ་སྐྱོར་དང་ནང་གནས་སྟོབས་ཤུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཚན་རྩལ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་དབྱང་དང་ས་གནས་དང་། ཁོངས་གཏོགས་ཕྱི་ནང་གི་ཐོན་ཁུངས་ཚང་མ། མཐུན་རྐྱེན་མཐའ་དག་བཅས་སྐོང་འཐེན་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
          མི་རིང་བའི་གོང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་། ཞིང་ལས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་《ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་འདུ་འགོད་ལ་རྒྱབ་སྐྱོར་བྱ་རྒྱུའི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ་རེད། ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་གནད་དོན་དེར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་དེ་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་འགྱུར་མེད་སྟོབས་ལྡན་གྱི་ཤེས་ལྡན་མི་སྣ་དང་། ལག་རྩལ། སྤྱི་དམངས་ཀྱི་ཚན་རྩལ་བྱང་ཚད་ཀྱི་འགན་ལེན་བྱ་རྒྱུ་བཅས་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ལས་སྡེ་ཚན་དང་དབུལ་སྐྱོར་སྡེ་ཚན་དང་མཉམ་དུ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་དང་གཞི་རིམ་གྱི་ཞིང་ལས་ལག་རྩལ་མཐུན་ཚོགས་སོགས་ཚན་རྩལ་རྩ་འཛུགས་སྒྲིག་འཛུགས་བྱས་ནས་ས་ཁུལ་དབུལ་པོའི་གྲོང་གསེབ་དང་། སློབ་གྲྭ ཁེ་ལས། ཞིང་ནང་དང་མུ་ཁ་བཅས་སུ་ཟབ་བསྐྱོད་ཀྱིས་ཚན་རྩལ་གསོ་སྐྱོང་དང་། ཞིང་ལས་ལག་རྩལ་གྱི་ཞབས་ཞུ། ལས་ཞུགས་མཛུབ་ཁྲིད། གྲོང་གསེབ་ཀྱི་ཚན་རིག་ཁྱབ་གདལ་སོགས་ལ་གཞིགས་ཏེ་ལས་དོན་ཏན་ཏིག་ངང་སྤེལ་ནས“དབུལ་སྐྱོར་དངོས་འབྲེལ་བྱེད་པ་དང་དབུལ་པོ་ངོ་མར་དབུལ་སྐྱོར་བྱེད”ཐུབ་པ་བྱས་ཏེ་《ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་གྱི་འདུ་འགོད་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞིའི་》ནང་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱ་རྒྱུའི་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།