འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་9ཡིས་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་ལ་མཛུབ་ཁྲིད་བྱ་རྒྱུའི་སྐོར་གྱི་ལོ་ལྔའི་འཆར་
    གཞི་པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་གསོ་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་། དམངས་སྲིད་པུའུ། རིག་གནས་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་གོ་ཚན་རིག་མཐུན་ཚོགས། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་དང་མཉམ་དུ། 《ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་ལ་མཛུབ་ཁྲིད་བྱ་རྒྱུའི་སྐོར་གྱི་ལོ་ལྔའི་འཆར་གཞི་(2016—2020ལོ)》པར་འགྲེམས་བྱས་པ་དང་དེའི་ནང་2020ལོར་སླེབས་སྐབས་གཞི་རྩའི་ཆར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་འཚམ་ལ་ཁྱིམ་བདག་དང་བྱིས་པའི་དགོས་མཁོ་སྐོང་བའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་མ་ལག་ཅིག་བསྐྲུན་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
          འཆར་འགོད་ལས་ཁྱིམ་ཚང་སློབ་གསོའི་ནང་དོན་གཙོ་བོ་སྟངས་འཛིན་ཡང་དག་དང་། ཁྱིམ་ཚང་སློབ་གསོའི་སྤྱི་པའི་ཞབས་ཞུ་དྲ་བ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུ་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྱིམ་ཚང་སློབ་གསོའི་སྨྱན་སྦྱོར་གསར་པའི་ཞབས་ཞུའི་ལས་སྟེགས་རྒྱ་ཆེར་གཏོད་པ། ཁྱིམ་ཚང་སློབ་གསོ་དོ་མཉམ་ངང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཁྱིམ་ཚང་སློབ་གསོར་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཇེ་ཟབ་ཏུ་གཏོང་བ། ཁྱིམ་ཚང་སློབ་གསོ་ཁྲིམས་ལུགས་ཅན་སྐྲུན་མགྱོགས་སུ་གཏོང་བ་བཅས་ཕྱོགས་7གྱི་ལས་འགན་གཙོ་གནད་18བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཚན་གྱི་འགན་འཁྲིའི་ལས་ཀ་དོན་འཁྱོལ་བྱེད་པ། ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ལས་ཀའི་དཔེ་སྟོན་སྐུལ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས་འགན་ལེན་བྱེད་ཐབས་4བཏོན་པ་མ་ཟད། སླད་ཕྱིན་ལོ་ལྔའི་རིང་གི་ཁྱིམ་ཚང་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། ལས་ཀའི་དམིགས་ཚད། དོན་འཁྱོལ་བྱེད་ཐབས་བཅས་གསལ་བཟོ་བྱས་ཡོད་པ་རེད།
          འཆར་འགོད་ནང་ཁྱིམ་ཚང་སློབ་གསོའི་སྨྱན་སྦྱོར་གསར་པའི་ཞབས་ཞུའི་ལས་སྟེགས་རྒྱ་སྐྱེད་ཤུགས་ཆེན་བཏང་སྟེ། དྲ་བའི་ཁྱིམ་བདག་སློབ་གྲྭ་སྔར་བས་བསྐྲུན་མགྱོགས་སུ་གཏོང་བ་དང་། དཔོད་ཆུང་དང་། སྐད་འཕྲིན། ལག་ཐོགས་ཁ་པར་གྱི་དུད་སྣེ་སོགས་སྨྱན་སྦྱོར་གསར་པའི་ཞབས་ཞུའི་ལས་སྟེགས་རྒྱ་སྐྱེད་ཤུགས་ཆེན་གྱིས་2020ལོར་སླེབས་སྐབས་གཞི་རྩའི་ཆར་གྲོང་ཁྱེར་དང་གྲོང་གསེབ། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་འབྲེལ་འདྲིས་ཟབ་པའི་ཁྱིམ་ཚང་སློབ་གསོའི་ཆ་འཕྲིན་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་བསྐྲུན་དགོས་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།