འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འགན་བཅོལ་རྩོད་གཞི་གཏུག་བཤེར་དང་འདུམ་འགྲིག་གི་སྦྲེལ་མཐུད་ལམ་སྲོལ་རྒྱལ་ཡོངས་
    སུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་《འགན་བཅོལ་རྩོད་གཞི་གཏུག་བཤེར་དང་འདུམ་འགྲིག་གི་སྦྲེལ་མཐུད་ལམ་སྲོལ་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ཡོངས་བསྒྲགས་བྱས་ནས། འགན་བཅོལ་རྩོད་གཞི་གཏུག་བཤེར་དང་འདུམ་འགྲིག་གི་སྦྲེལ་མཐུད་ལམ་སྲོལ་ཚོད་ལྟ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།
         འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས། འགན་བཅོལ་རྩོད་གཞི་གཏུག་བཤེར་དང་འདུམ་འགྲིག་གི་སྦྲེལ་མཐུད་ལམ་སྲོལ་གྱིས་འགན་བཅོལ་གྱི་འགལ་བ་དང་རྩོད་གཞི་སེལ་བའི་མི་དམངས་ཁྲིམས་ཁང་དང་། འགན་བཅོལ་ལྟ་སྐུལ་དོ་དམ་སྒྲིག་གཞི། འགན་བཅོལ་ལས་རིགས་རྩ་འཛུགས་བཅས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས། འགན་བཅོལ་རྩོད་གཞི་གཏུག་བཤེར་དང་ལས་རིགས་ཀྱི་འདུམ་འགྲིག་དབར་སྲུབས་ཀ་མེད་པའི་སྦྲེལ་མཐུད་ཡོང་བ་བྱས་ཡོད། 2007ལོར། འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་འགན་བཅོལ་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་སྟངས་འཚོལ་ཞིབ་བྱེད་འགོ་ཚུགས་པ་དང་། མིག་སྔའི་བར། རྒྱལ་ཡོངས་ལ་གྲོང་ཁྱེར་དང་ས་ཁུལ་166གིས་འགན་བཅོལ་རྩོད་གཞི་གཏུག་བཤེར་དང་འདུམ་འགྲིག་གི་སྦྲེལ་མཐུད་ལམ་སྲོལ་བཙུགས་པ་དེས་གཏུག་བཤེར་དང་འདུམ་འགྲིག་གི་གྱོད་གཞི་ཁྱོན་ཁྲི་16ལས་བརྒལ་བ་ཐག་གཅོད་བྱས་པས། འགན་བཅོལ་གྱིས་འཛད་སྤྱོད་པའི་ཁེ་དབང་འདུམ་འགྲིག་བྱེད་མགྱོགས་པ་དང་། གྱོད་གཞི་ཐག་གཅོད་བྱེད་མགྱོགས་པ། གུན་གསབ་སྤྲོད་མགྱོགས་པ་བཅས་ཀྱི་གཏུག་བཤེར་འདུམ་འགྲིག་གི་སྦྲེལ་མཐུད་ལམ་སྲོལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་བརྗོད་པ་རེད།
         ད་ཐེངས་ཡོངས་བསྒྲགས་བྱས་པའི་《བསམ་འཆར་》ནང་འདུམ་འགྲིག་བྱེད་པའི་ལམ་སྲོལ་དེ་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ནས། ས་ཁུལ་རིམ་པའི་གྲོང་ཁྱེར་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་། ཆ་རྐྱེན་ལྡན་པའི་ས་ཁུལ་ཁྲིམས་ཁང་གིས་འགན་བཅོལ་རྩོད་གཞི་འདུམ་འགྲིག་ཁང་ཧུར་ཐག་བཙུགས་ཏེ། ཕྱོགས་གསུམ་པའི་འགན་བཅོལ་རྩོད་གཞི་འདུམ་འགྲིག་རྩ་འཛུགས་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།