འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་སྐོར་སྐྱོད་ལྟ་ཞིབ་རེས་འཁོར་དགུ་པའི་སྐོར་སྐྱོད་ལྟ་ཞིབ་ཚོ་ཆུང་9པ་ཡོངས་
    རྫོགས་བཅའ་སྡོད་ཟིན་པ་དང་། ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སུ་སྐོར་སྐྱོད་ལྟ་ཞིབ་རེས་འཁོར་དགུ་པའི་སྐོར་སྐྱོད་ལྟ་ཞིབ་ཚོ་ཆུང་9པ་ཡོངས་
རྫོགས་བཅའ་སྡོད་ཟིན་པ་དང་། ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་སྐབས་བརྒྱད་པའི་ལྟ་ཞིབ་རེས་འཁོར་དགུ་པའི་སྐོར་ཞིབ་ཚོ་ཆུང་9པ་ཡོངས་རྫོགས་སྐོར་ཞིབ་ལས་ཁུངས་སུ་བཅའ་སྡོད་ཟིན་པ་རེད། ཐེངས་འདིའི་སྐོར་སྐྱོད་ལྟ་ཞིབ་ནི་ཟླ་བ་གཉིས་ཙམ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུའི་གཞུང་ལས་ཐིང་དང་། མི་དམངས་འཐུས་ཚོགས་ཀྱི་གཞུང་ལས་ཐིང་ལས་ཁུངས། སྲིད་གཞུང་གི་གཞུང་ལས་ཐིང་། སྲིད་གྲོས་ཀྱི་གཞུང་ལས་ཐིང་ལས་ཁུངས་སོགས་ལས་ཁུངས་དང་སྡེ་ཚན་14ཡི་ཏང་རྩ་འཛུགས་ལ་ཆེད་དོན་སྐོར་སྐྱོད་ལྟ་ཞིབ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་ཐིང་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན།   དབུས་སྐྱོར་གཞུང་ལས་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་བཅས་ལ་"ཕྱིར་བལྟས་"སྐོར་སྐྱོད་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད། 
         སྐོར་སྐྱོད་ལྟ་ཞིབ་བྱེད་རིང་དུ། སྐོར་སྐྱོད་ལྟ་ཞིབ་ཚོ་ཆུང་གིས་སྐོར་སྐྱོད་ལྟ་ཞིབ་ལས་ཀའི་སྐོར་གྱི་གཏན་འབེབས་སྲོལ་ཡིག་ལྟར། ཏང་ནན་སྐྱོང་དང་། ཆབ་སྲིད་གཙོ་བོར་བཟུང་ནས་སྐོར་ཞིབ་བྱེད་རྒྱུ་དང་། སྐོར་ཞིབ་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མི། འོག་རིམ་ཏང་རྩ་འཛུགས་བཅས་ཀྱི་འགོ་ཁྲིད་ཚན་པའི་འགན་འཁུར་པ་གཙོ་བོ་དང་ལས་གནས་གལ་ཆེན་གྱི་འགོ་ཁྲིད་པའི་སྐོར་གྱི་ཡིག་བསྐུར་ངོ་བཅར་བདག་སྤྲོད་བྱེད་རྒྱུ་དང་། ཏང་གི་འགོ་ཁྲིད་དང་། ཏང་འཛུགས་སྐྱོང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་དེ་བཞིན་དུ་ཆབ་སྲིད་ཀྱི་སྒྲིག་ལམ། རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་ཁྲིམས་སྲུང་། མང་ཚོགས་ཀྱི་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་སོགས་པའི་ཐད་གཙོ་བོར་ཐེར་འདོན་དང་གོང་ཞུ་བྱེད་རྒྱུ་རེད། སྐོར་སྐྱོད་ལྟ་ཞིབ་ཀྱི་ལས་ཀ་དང་ཐད་ཀར་འབྲེལ་བ་མེད་པའི་ཡིག་བསྐུར་ངོ་བཅར་གྱི་དོན་དག་གཞན་པ་ནི་རིམ་བགོས་འགན་འཁུར་དང་། ས་ཁོངས་དོ་དམ་གྱི་རྩ་དོན་ལ་གཞིགས་ནས། སྐོར་སྐྱོད་ལྟ་ཞིབ་བྱ་ཡུལ་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་ལ་ཐག་གནོད་བྱེད་བྱར་སྤྲོད་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།