འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་དངོས་ཀྱི་འགྲེམས་སྟོན་ཡོ་རོབ་གླིང་དུ་ཐོག་མར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་དངོས་ཀྱི་འགྲེམས་སྟོན་ཡོ་རོབ་གླིང་དུ་ཐོག་མར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་《1937ལོའི་ནན་ཅིང་དམར་གསོད་ཆེན་པོར་མཉམ་དུ་བདེན་དཔང་བྱས་པ་》ཞེས་པའི་ལོ་རྒྱུས་དངོས་ཀྱི་འགྲེམས་སྟོན་དེ་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཁཱ་ཨང་ཞི་བདེ་དྲན་གསོ་ཁང་དུ་བྱས་པ་རེད། འདི་ནི་ནན་ཅིང་དམར་གསོད་ཆེན་པོའི་ཡིག་ཚགས་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་དྲན་ཤེས་མིང་ཐོའི་ནང་དུ་བཅུག་རྗེས་སུ་ཡོ་རོབ་གླིང་དུ་འགྲེམས་སྟོན་ཐོག་མར་བྱས་པ་ཡིན་ཞིང་། ནང་དོན་ཁ་ཤས་ནི་ཕྱི་རྒྱལ་དུ་འགྲེམས་སྟོན་ཐེངས་དང་པོ་བྱས་པ་རེད།
         ཐེངས་འདིའི་འགྲེམས་སྟོན་གྱི་གཙོ་གནད་ནི་སྐབས་དེར་ནན་ཅིང་དུ་གནས་ཡོད་པའི་ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་མི་སྣ་ཚོའི་ཉིན་ཐོ་དང་། འཕྲིན་ཡིག ཡིག་ཆ། འདྲ་པར། བརྙན་རིས་བཅས་ལ་བརྟེན་ཏེ་མ་ཡིག་གི་ཐོག་ནས་ཕྱོགས་གསུམ་པའི་ཡིག་ཚགས་མངོན་པའི་ཐབས་ལམ་ནས་ནུབ་ཕྱོགས་མི་སྣས་མཉམ་དུ་ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་ལ་བདེན་དཔང་བྱས་པ་གསལ་པོར་བསྟན་པ་རེད། ཐེངས་འདིའི་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་800ལྷག་ཟིན་ཡོད་ཅིང་། བསྡོམས་པས་ལོ་རྒྱུས་ཀྱི་འདྲ་པར་270ལྷག་དང་། འགྲེམས་དངོས་དང་བརྙན་རིས་དཔྱད་གཞིའི་ཡིག་རིགས་50ལྷག་བཅས་བཀྲམས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།