འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་
    སུངས་ཀྱི་གནད་དོན་ལྔ་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལྔ་བརྡ་ཁྱབ་བཏང་ནས་གྲོང་ཚོ་རིམ་པའི་ཏང་ཡོན་ལས་བྱེད་པ་6གི་འགན་འཁྲི་རྩད་གཅོད་བྱས་པ་རེད།
         ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་རུ་གསར་གྲོང་རྡལ་གྲམ་པ་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལཱ་ཀྲན་ཧྥུའུ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཧྲེང་ཕན་གྱིས་རྔན་པ་བླངས་པ་སོགས་ཀྱི་གནད་དོན། མི་དེ་གཉིས་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གྲོང་མིས་བཏང་བའི་ཁ་ལག་ལ་ཐེངས་གཉིས་ཞུགས་པ་མ་ཟད། སྒྲིག་ལས་འགལ་ཏེ་གྲོང་མི་ཀྲོང་ལང་གི་ནང་བཤུག་དོ་དམ་དངུལ་དང་ཆུ་ཡུར་བཟོ་བའི་དོ་དམ་དངུལ་ཁྱོན་སྒོར་4000བླངས་ནས་གྲོང་ཚོའི་མཉམ་སྡེབ་རྩིས་ཐོའི་ནང་བླུགས་པ་དང་། གྲོང་མིའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁ་གསབ་དང་། ཉེན་ཡོད་སྡོད་ཁང་གི་ཁ་གསབ། དབུལ་སྐྱོར་རྣམ་གྲངས་བཅས་རེ་ཞུ་བྱེད་སྐབས། ལཱ་ཀྲན་ཧྥུའུ་ཡིས་སྔ་རྗེས་སུ་རྔན་པ་ཐེངས་5བསྡོམས་སྒོར་5500བླངས་ཡོད། དེ་ད་ཆ་ཕྱིར་སློག་བྱས་ཟིན། ལཱ་ཀྲན་ཧྥུའུ་ལ་ཏང་ནང་ཁུལ་ནས་ཐ་ཚིག་ནན་པོ་བསྒྲགས་པ་དང་ཧོ་ཧྲེང་ཕན་ལ་ཡང་ཏང་ནང་ཁུལ་ནས་ཐ་ཚིག་ནན་པོ་བསྒྲགས་པ་རེད།
         མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཁུལ་ཧུང་ཧྲུའེ་ཆོན་ཤང་ལ་ཧྲུའུ་ལིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཀྲན་ཧྲེང་གིས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་མ་དངུལ་ཧམ་ལེན་བྱས་པ་སོགས་ཀྱི་གནད་དོན། མཱ་ཀྲན་ཧྲེང་གིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གཉེན་ཉེར་ལྟ་རྟོག་བྱས་ནས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་མ་དངུལ་དང་རྒན་གསོའི་དངུལ་10515ཧམ་ལེན་བྱས། མཱ་ཀྲན་ཧྲེང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་རེད།
         མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་རྫོང་ཞ་མོན་གྲོང་རྡལ་ཧྲེ་ཅ་ཀྲོང་གྲོང་ཚོའི་ལས་བྱེད་པས་དངུལ་གང་བྱུང་དུ་བསྡུས་པ་སོགས་ཀྱི་གནད་དོན། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་བསྟར་བྱེད་སྐབས། གྲོང་ཚོའི་ལས་བྱེད་པས་དུད་ཚང་230ཡི་ས་ནས་ཁྱོན་སྒོར་6900བསྡུས་ཏེ་གྲོང་ཚོའི་སྣེ་ལེན་འགྲོ་གྲོན་ལ་སྤྱད་ཡོད། དེའི་ནང་དུད་ཚང་20ཡི་གྲོང་མི་གྲོང་ཚོའི་གཙང་འགྲམ་གྱི་མཉམ་སྡེབ་ས་ཆར་སྤོ་སྐབས། ས་ཆ་སྤྱོད་དངུལ་སྒོར་ཁྲི་1.1ལྷག་ཙམ་བསྡུས་ནས་གྲོང་ཚོའི་གཞུང་ལམ་མཁྲེགས་འགྱུར་གྱི་བྱེ་རྡོའི་གྲོན་དངུལ་ལ་སྤྱད་ཡོད། གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཝང་ཏེ་ཤའོ་ཡིས་གཞན་དང་མཉམ་དུ་ཁྲོམ་རའི་རིན་གོང་ལས་མཐོ་བའི་ཐོག་ནས་ལྕགས་སྒོ་20གནས་སྤོས་དུད་ཚང་ལ་སྤྲད་པ་རེད། ཁོ་པས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་སྒྲིག་ལས་འགལ་ཏེ་ནང་མི་མ་མཐའི་འཚོ་བ་འགན་ལེན་གྱི་ཁོངས་སུ་བཅུག་སྟེ་ལོ་བརྒྱད་རིང་མ་མཐའི་འཚོ་བ་འགན་ལེན་དངུལ་ཁྱོན་སྒོར་ཁྲི་3.2བླངས་པ་རེད། ཝང་ཏེ་ཤའོ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་རེད།
         མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་པ་གཙང་ཀོའུ་ཤང་གུ་རུ་ཞོལ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆི་ཧྲན་མིང་གིས་སྒྲིག་ལས་འགལ་ཏེ་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཞིབ་དཔྱད་གཏན་འཁེལ་བྱས་པ་སོགས་ཀྱི་གནད་དོན། གྲོང་ཚོས་སྒོར་1800ཡི་མ་མཐའི་འཚོ་བ་འགན་ལེན་གྱི་ཁ་གསབ་དངུལ་དེ་ཞིང་དུད་ཀྱི་ནགས་ས་བཟུང་སྤྱོད་བྱས་པའི་ཁ་གསབ་དངུལ་ལ་སྐྱིན་ཚབ་འཇལ་རྒྱུར་སྤྲད་པ་དང་། མ་མཐའི་འཚོ་བ་འགན་ལེན་གྱི་ཁ་གསབ་ཞིབ་དཔྱད་གཏན་འཁེལ་གྱི་བརྒྱུད་རིམ་གཞིར་བཟུང་ལག་བསྟར་མ་བྱས་པར། གྲོང་ཚོ་ཡོངས་ཀྱི་དུད་ཚང་77ཚོགས་ཆུང་7ལ་བགོས་ནས་མ་མཐའི་འཚོ་བ་འགན་ལེན་དངུལ་ཁྱོན་སྒོར་36280ཆ་སྙོམས་བགོ་བཤའ་བརྒྱབ་པ་རེད། 2016ལོའི་ཟླ་བ་དྲུག་པར། ཆི་ཧྲན་མིང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་རེད།
         ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྒྲུབ་རྒྱུད་གྲོང་རྡལ་གྲོང་ཚོ་དྲུག་པའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཕུན་ཚོགས་བཀྲ་བདེ་ཡིས་གྲོང་ཚོ་རིམ་པའི་མ་དངུལ་སྒེར་སྤྱོད་བྱས་པའི་གནད་དོན། ཕུན་ཚོགས་བཀྲ་བདེ་ཡིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གོང་རིམ་གྱིས་སྤྲད་པའི་ལས་ཀའི་གྲོན་དངུལ་སྒོར་ཁྲི་3སྒེར་སྤྱོད་བྱས་ཏེ་རླངས་འཁོར་ཉོས་པ་རེད། 2016ལོའི་ཟླ་བ་བདུན་པར། ཕུན་ཚོགས་བཀྲ་བདེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་དང་འབྲེལ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོ་པའི་ཉེས་དོན་འགན་འཁྲི་རྩད་ཆོད་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།