འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་ཡུལ་སྐོར་གྱི་
    མུ་འབྲེལ་བྱེད་སྒོ་ཀན་སུའུ་ཧུའེ་ཉིང་དུ་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན།མཉམ་འཛོམས་གནས་མཆོག་ཀན་སུའུ་ཞིང་ཆེན་ཧུའེ་ཉིང་རྫོང་དུ“རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་། གསར་བརྗེའི་དྲན་ཤེས་བརྒྱུད་སྤེལ་བྱེད”ཅེས་པའི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོ་མཇུག་འགྲིལ་བའི་མཛད་སྒོ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་དང་། རྒྱལ་ཁབ་ཡུལ་སྐོར་ཅུས། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། འདི་ལོའི་ཟླ་9པ་ནས་ཧྥུའུ་ཅན་དུ་འགོ་ཚུགས་པ་ནས་བཟུང་། དམར་དམག་རྒྱང་སྐྱོད་བྱེད་སྐབས་བརྒྱུད་མྱོང་ཡོད་པའི་ཞིང་ཆེན་15རུ་སྔ་རྗེས་སུ་སྤེལ་བ་རེད། རྒྱང་སྐྱོད་ལམ་ཐིག་ཐོག་གི་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱང་སྐྱོད་བརྗོད་བྱར་བྱས་པའི་གསར་བརྗེའི་ཡུལ་སྐོར་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་བ་དང་། རྒྱང་སྐྱོད་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་ཇུས་འགོད་གསར་སྤེལ་བྱས་ནས་རྒྱང་སྐྱོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་། རྒྱང་སྐྱོད་ཀྱི་དཔའ་བོར་བསྟོད་གླུ་ལེན་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་ལག་ལེན་བསྟར་བའི་ཚ་རླབས་ཤིག་འཕྱུར་བ་བྱས་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།
         མཇུག་འགྲིལ་མཛད་སྒོ་གཉེར་བའི་ཉིན་དེ་རང་དུ་ད་དུང“གསར་བརྗེའི་ཤུལ་བཞག་སྲུང་སྐྱོང་དང་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི”མི་ཁྲིའི་མིང་རྟགས་འགོད་པ་དང“ཕུགས་འདུན་འགྲུབ་པ་དང་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད”ཅེས་པའི་རྒྱང་སྐྱོད་སྙིང་སྟོབས་གསར་བརྗེའི་ཡུལ་སྐོར་གྱི་མི་ཁྲི་རྐང་ཐང་མར་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲད་པ་དང་རྒྱང་སྐྱོད་ལམ་ཐིག་གི་གསར་བརྗེའི་ཡུལ་སྐོར་ས་ཚིགས་ལ་སྒོ་བྱང་བཀལ་བ་མ་ཟད། རྒྱང་སྐྱོད་བརྗོད་བྱར་བྱས་པའི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་བཏོད་པ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགན་འཁུར་བ་དང་། རྒྱང་སྐྱོད་ལམ་ཐིག་སྤུན་ཟླའི་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། དེ་བཞིན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་བཅས་ཁྱོན་མི་2000ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།