འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་གི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་དངོས་མང་སྟོན་ཚོགས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་གྱི་དགོང་མོ་ལོ་650སོང་བའི་ནན་ཅིང་མིང་གྲོང་གི་གྱང་ཐོག་ཏུ་3Dགློག་བརྙན་བསྟན་ནས་སྐབས་བདུན་པའི་ནན་ཅིང་གི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་དངོས་མང་སྟོན་ཚོགས་འགོ་ཚུགས་པ་རེད།
         ནན་ཅིང་མིང་གྲོང་གི་གྱང་ད་ཆ་སྤྱི་ལེ་25.1ཉར་ཚགས་ཡག་པོ་བྱས་ཡོད་པ་དེ་རང་རྒྱལ་གྱི་ཉར་ཚགས་བྱས་པའི་གྱང་ཁྲོད་ཀྱི་ཉར་ཚགས་ཡག་ཤོས་ཀྱི་གནའ་བོའི་གྱང་ཞིག་ཡིན་པ་མ་ཟད། ཀྲུང་གོས་ཉར་ཚགས་བྱས་པའི་ཁྲོད་ཀྱི་གྱང་རིང་ཤོས་དེ་ཡིན་ཞིང་། 2012ལོར་ནན་ཅིང་མིང་གྲོང་གི་གྱང་གཙོ་བོར་བྱེད་པའི“ཀྲུང་གོའི་མིང་ཆིང་རྒྱལ་རབས་ཀྱི་གྱང”གི་རྣམ་གྲངས་དེ་ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་ཐོའི་ནང་བཅུག་ཡོད་པ་རེད།
         གྲགས་ཅན་གྲོང་ཁྱེར་དངོས་མང་སྟོན་ཚོགས་ཐོག་མ་དེ་2004ལོར་འགོ་ཚུགས་པ་དང་སྐབས་6གཉེར་ཟིན་ནས་རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ་62ཀྱི་རྒྱལ་ཁབ་ཕྱི་ནང་གི་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་ཧྲི་ཀྲང་254སྟོན་ཚོགས་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།