འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་19ཉིན་བར། བོད་ལྗོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ལ་འདི་ལོ་ཁྲལ་བསྡུའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་200.21བྱུང་བ་དེ་2015ལོའི་ལོ་ཧྲིལ་པོའི་ཚད་གཞི་ལས་བརྒལ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཁྲལ་བསྡུའི་ཡོང་འབབ་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་བོགས་གཏོང་དང་ཚོང་ལས་ཞབས་ཞུའི་ལས་རིཌ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། ཆ་འཕྲིན་བརྒྱུད་གཏོང་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ལས་རིགས་བཅས་མཚོན་བྱེད་དུ་བྱས་པའི་ལས་རིགས་དྲུག་ལ་བསྡོམས་འབབ་འཕར་སྒོར་དུང་ཕྱུར་33.64བྱུང་ནས་78.3%ཟིན་ཏེ་སྤྱིའི་ཁྲལ་འབབ་འཕར་རྒྱུར་ཡར་སྐུལ་བྱེད་པའི་ནུས་པ་གལ་ཆེན་ཐོན་ཡོད།
         བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་ཅུས་ཀྲང་ཧུའུ་སུའུ་ཧྭས་ཉེ་བའི་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར“གྲངས་གནས་གཉིས”ཀྱི་ཐོག་ནས་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་བྱས་ཏེ་ཁྲལ་བསྡུའི་ཡོང་འབབ་གང་མགྱོགས་འཕར་བར་ཁྲལ་ཁུངས་ཀྱི་རྨང་གཞི་བཏིང་བའི་ནང་ཚོང་ལས་དང་། འཛུགས་སྐྲུན་ལས་རིགས། ལྕགས་རིགས་མིན་པའི་བཟོས་རྫས་ལས་རིགས། ས་ཁང་བདག་ཁོངས་ཐོན་ལས་དང་དངུལ་རྩའི་ལས་རིགས་བཅས་ཀྱི་ཁྲལ་འབབ་དུས་མཚུངས་དང་འདྲ་བར་གྲངས་གནས་གཉིས་འཕར་བ་དང་ཁྲལ་བསྡུའི་ཡོང་འབབ་དང་དཔལ་འབྱོར་འཕེལ་རྒྱས་སྤྱིར་ན་མཐུན་སྦྱོར་བྱུང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།