འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།
         རྩོམ་རིག་བྱ་དགའ།
         ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་13ཉིན། 2016ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི་ཨ་རིའི་རོལ་དབྱངས་པ་པོ་པི་ཏེ་ལན་(Bob Dylan)ལ་སྤྲད་དེ་ཁོང་གིས"རླབས་ཆེན་གྱི་ཨ་རིའི་གླུ་གཞས་ཀྱི་སྲོལ་རྒྱུན་ནང་སྙན་ངག་གི་རྣམ་པ་གསར་པ་བཏོད་པ"ལ་གཟེངས་བསྟོད་བྱས་པ་རེད།
          པོ་པི་ཏེ་ལན། སྔོན་གྱི་མིང་ལ་རོ་པེར་ཐི་ཨལ་ལེན་ཙི་མེར་མན་(Robert Allen Zimmerman)ཟེར་ཞིང་། ཨ་རིའིjདམངས་གླུ་སྒྱུ་རྩལ་པ་ཡིན་པ་རེད། མཐོ་འབྲིང་སྐབས་ནས་བཟུང་རང་ཉིད་ཀྱི་རོལ་དབྱངས་ཚོགས་པ་བཙུགས་པ་དང་། 1959ལོར་མཐོ་འབྲིང་མཐར་ཕྱིན་རྗེས་མིན་ནི་སོ་ཐ་(University of Minnesota)ནས་སློབ་ཆེན་འགྲིམ་པ་རེད། སློབ་ཆེན་སྐབས་དམངས་གླུ་ལ་དགའ་མོས་བྱུང་ནས་སློབ་གྲྭའི་ཉེ་འཁོར་གྱི་དམངས་གླུ་དར་ཁུལ་དུ་འཁྲབ་སྟོན་བྱས་པ་མ་ཟད། ཐེངས་དང་པོར་པོ་པི་ཏེ་ལན་ཞེས་པ་སྒྱུ་རྩལ་གྱི་མིང་དུ་བཏགས། 1961ལོར། ཁུ་ལུན་པའེ་ཡ་སྒྲ་སྡེར་ཀུང་སི་དང་གན་རྒྱ་བཞག་ལ། 1962ལོར་མིང་ལ་《པོ་པི་ཏེ་ལན་》ཞེས་པའི་ཆེད་བསྒྲིགས་ཐོག་མ་འགྲེམས་སྤེལ་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】
    པོ་པི་ཏེ་ལན(Bob Dylan)
    པོ་པི་ཏེ་ལན(Bob Dylan)
      

    ཕྱོགས་བསྡུས་གསར་འགྱུར།