འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་འཛམ་གླིང་ཀུ་ཤུའི་འདུ་ཚོགས་ཐུགས་གྲ་ལེགས་འགྲིག་ངང་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན་སྐབས་དང་པོའི་འཛམ་གླིང་ཀུ་ཤུའི་འདུ་ཚོགས་ཧྲའན་ཤིས་སུ་ཐུགས་གྲ་ལེགས་འགྲིག་ངང་གྲོལ་ཞིང་། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཀུ་ཤུའི་རིགས་གཅིག་མཁས་ཅན་150ཙམ་དང་དེ་བཞིན་ཁེ་ལས་ཆེ་གྲས་དང་ཐོན་ལས་མཐུན་ཚོགས་ཀྱི་འགན་ཁུར་བ་འདུ་ཚོགས་ནང་ཞུགས་ཡོད་པ་དང་འདུ་ཚོགས་ནང་ཞུགས་མཁན་མི་གྲངས་ཁྲི་བཞི་ལྷག་ལས་བརྒལ་ཡོད། ད་ཐེངས་ཀྱི་འདུ་ཚོགས་ཀྱིས་"འགྱུར་ལྡོག་བྱུང་བ་ཀུ་ཤུར་ལས་མི་མང་པོར་ཕན་པ་ཐོབ། དེང་རབས་ཚན་རྩལ་དང་ཀུ་ཤུ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་དགོས་"ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འདུ་ཚོགས་རིང་ལྟ་སྐོར་རྟོག་ཞིབ་དང་། རིག་གཞུང་ཚོགས་འདུ། བཟོ་ཚོང་དབུ་ཚོགས། འགྲེམས་སྟོན་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་ཁབ་ཁག་གི་ཀུ་ཤུའི་ཐོན་སྐྱེད་ལག་རྩལ་མཐོ་རུ་གཏོང་རྒྱུ་དང་གཉེར་སྐྱོང་འདུ་ཤེས་ལེགས་སུ་གཏོང་རྒྱུ་དང་དེ་བཞིན་ཀུ་ཤུའི་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་གཏོང་རྒྱུ་བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། འདུ་ཚོགས་ཐོག་ཚོང་དོན་དང་། རིག་གཞུང་བགྲོ་གླེང་། རྒྱལ་སྤྱིའི་མཉམ་ལས་སོགས་ཐད་ལ་གྲུབ་འབྲས་མང་པོ་ཐོབ་ཡོད་པ་རེད།
         མཇུག་སྒྲིལ་མཛད་སྒོའི་ཐོག་འདུ་ཚོགས་ཀྱི་"དབྱང་ལིང་བསྒྲགས་གཏམ་"ཁྱབ་བསྒྲགས་གནང་སྟེ། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱིས་སྒྲིག་འཛུགས་བྱས་པའི་རྒྱལ་སྤྱིའི་ཀུ་ཤུའི་ཞིབ་འཇུག་ཁང་ལ་བརྟེན་ནས་རྒྱལ་སྤྱིའི་ཀུ་ཤུའི་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་རྒྱུ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་ཀུ་ཤུའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ལག་གདང་སྦྲེལ་ནས་བསྐྱོད་དེ་ལེགས་ཆའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་འཛམ་གླིང་ཀུ་ཤུའི་ཐོན་ལས་ཀྱི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་ཤིང་། རྒྱལ་སྤྱིའི་སྐྱེད་ཚལ་སློབ་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་དང་སྐབས་འདིའི་འདུ་ཚོགས་ཀྱི་ཀྲུའུ་ཞི་དང་ཧྲའན་ཤིས་ཞིང་ཆེན་ཤིང་འབྲས་ལས་རིགས་ཅུས་ཀྱི་ཅུས་ཀྲང་གིས་ཧྲའན་ཤིས་སུ་འཛམ་གླིང་གི་ཁམ་བུ་སྨི་ཧོའུ་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དང་ཧྲའན་ཤིས་སུ་འཛམ་གླིང་གི་ཤིང་འབྲས་ཁུ་བའི་འདུ་ཚོགས་འཚོག་རྒྱུའི་ཐུན་མོང་ངོས་འཛིན་གྱི་གྲོས་མཐུན་གཉིས་བཞག་པ་རེད།
         མཇུག་འགྲིལ་འདུ་ཚོགས་ཐོག་ཚོགས་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་སྐབས་རྗེས་མའི་འཛམ་གླིང་ཀུ་ཤུའི་འདུ་ཚོགས་དབྱི་ཐ་ལིར་འཚོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།