འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་ཆེན་གཞན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཁྱོན་ཡོངས་ནས་བདག་སྤྲོད་
    བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་སྲུང་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་གྱིས་ཟླ་10ཚེས་17ཉིན་ནས་བཟུང་། ཀོང་ཤིས་དང་། བོད་ལྗོངས། ནང་སོག ཤིན་ཅང་བཅས་ལྗོངས་བཞི་ཕུད་པའི་ཞིང་ཆེན་དང་གྲོང་ཁྱེར་དང་ལྗོངས་ཁག་གི་ཐེམ་ཁོངས་མི་སྣའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་གསབ་ལེན་ལས་སྒོ་གཉེར་བ་རེད།
         མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་གྱི་ཡུལ་མིའི་ལག་ཁྱེར་གཉེར་བའི་ཚོད་ལྟའི་ཞིང་ཆེན་གྲས་ཤིག་རེད། དེ་སྔོན་ཁྲུང་ཆིང་དང་། ཉིང་ཞ། ཧྲའན་ཤིས། ཨན་ཧུའེ། ཧའེ་ནན། ལིའོ་ཉིང་། ཅི་ལིན་བཅས་ཞིང་ཆེན་དང་གྲོང་ཁྱེར་དང་ལྗོངས་བདུན་གྱིས་ཡུལ་གཞན་གྱི་ལག་ཁྱེར་གཉེར་བའི་ཚོད་ལྟ་བྱས་པ་དང་། རིམ་རྩིས་བརྒྱབ་ན་ཞིང་ཆེན་གཞན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་172གཉེར་བ་རེད།
         མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་སྲུང་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་མཱ་ཤིན་གྱིས། སྤྱི་བདེ་ཐིང་གི་བཀོད་སྒྲིག་ལྟར་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་བརྒྱུད། མཚོ་སྔོན་གྱིས་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཐེམ་ཁོངས་མི་སྣའི་ཐོབ་ཐང་ལག་ཁྱེར་བདག་སྤྲོད་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། བྱེད་ཐབས་འདིས་དུས་ཡུན་རིང་པོར་ཡུལ་གཞན་དུ་ལས་ཀ་དང་སློབ་སྦྱོང་བྱེད་བཞིན་པའམ་འཚོ་བ་སྐྱེལ་བཞིན་པའི་མང་ཚོགས་ལ་དངོས་འབྲེལ་སྟབས་བདེ་སྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་གཞན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བདག་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བའི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་མཇུག་འགྲིལ་བ་དང་། ཡུལ་གཞན་གྱི་ཐོབ་ཐང་ལག་ཁྱེར་བདག་སྤྲོད་སྒེའུ་ཁུང་དེ་སྔའི་13ནས་23བར་མང་དུ་གཏོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།