འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དེ་སྔའི་རྒྱང་སྐྱོད་ལམ་གྱི་འགག་འཕྲང་བཙན་པོ་དག་ད་ཆ་བདེ་ཞིང་ཡངས་པའི་ལམ་ཆེན་དུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དེ་སྔའི་རྒྱང་སྐྱོད་ལམ་གྱི་འགག་འཕྲང་བཙན་པོ་དག་ད་ཆ་བདེ་ཞིང་ཡངས་པའི་ལམ་ཆེན་དུ་གྱུར་པ།
          མི་དམངས་དྲ་བའི་འཕྲིན། “དམར་དམག་རྒྱང་སྐྱོད་དཀའ་བར་ག་ལ་སྐྲག ཆུ་ཁྲི་རི་སྟོང་བརྒལ་རྒྱུ་སྣང་མེད་བཞག”རྒྱང་སྐྱོད་ཀྱིས་མིའི་རིགས་ཀྱིས་རང་བྱུང་ཁམས་བཏུལ་པའི་རྒྱལ་ཁའི་གླུ་དབྱངས་ཤིག་བརྩམས་ཡོད་དེ། གྲོག་རོང་ཟབ་མོ་དང་། ཆུ་ཀླུང་ཆེན་པོ། གངས་རི་མཐོ་པོ། རྩྭ་ཐང་ཡངས་པོ་སོགས་དང་དེ་མིན་དངོས་ཟོག་མི་འདང་བ་སོགས་གང་གིས་ཀྱང་དམར་དམག་མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཐུབ་མེད། ལོ་80འདས་རྗེས་ཀྱི་ད་ཆ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། དམར་དམག་རྒྱང་སྐྱོད་བྱེད་སའི་ས་རྒོད་ཐང་སྟོང་ཁག་ཏུ་ཐོག་ཁང་མང་པོ་བསྐྲུན་ནས་དར་རྒྱས་གོང་འཕེལ་གྱི་རྣམ་པ་ཡག་པོ་མངོན་ཡོད་པ་དང་། རྐང་ཐང་མར་བསྒྲོལ་བའི་རི་མཐོ་པོ་དང་། འགག་བཙན་པོ། འདམ་རྫབ་ཀྱིས་ཁེངས་པའི་རྩྭ་ཐང་། བཙན་བརྒལ་བྱེད་སའི་གཙང་པོ་བཅས་ལ་ཐོགས་མེད་ཤར་བགྲོད་ཐུབ་པའི་གཞུང་ལམ་དང་ཟམ་ཆེན་བརྒྱབ་པ་སོགས་རྒྱང་སྐྱོད་ལམ་བུར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས་དེ་སྔའི་དཀའ་ཉེན་ཆེ་བའི་ལམ་བུ་དག་བདེ་ཞིང་སྐྱིད་པའི་ལམ་ཆེན་དུ་འགྱུར་བཞིན་ཡོད་པ་རེད།
         དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པས་དཀར་མཛེས་ནས་རྔ་པའི་དབར་གྱི་རྩྭ་ཐང་བརྒྱུད་དེ་རྒྱང་སྐྱོད་བྱས་པ་དང་། དེ་གའི་རྩྭ་ཐང་ནི“ཕར་བལྟས་ན་རྩྭ་དང་ཆུ་ལས་འདམ་བག་སོགས་ཅི་ཡང་མཐོང་རྒྱུ་མེད་པ་དང་། དུད་ཚང་ཡང་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། མིའི་རྗེས་ཤུལ་ཙམ་ཡང་མཐོང་དཀོན་པས་ལམ་བུ་ཡང་མེད་ལ་ཤིང་སྡོང་ཡང་མེད”ཅེས་འཁོད་པ་ལྟར་ཡིན་ཞིང་། འདི་ནི་རྒྱལ་ལམ་317རྒྱུད་ཀྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་ཀྱི་མཁར་གསར་མཚོ་མོ(2014ལོའི་ཟླ་9ཚེས་15ཉིན་བརྒྱབ་པའི་པར་)ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།