འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རླུང་འཕྲིན་དམངས་གཞས་འགྲན་བསྡུར་གྱིས་བོད་ལྗོངས་ཀྱི་དམངས་གཞས་ཕུལ་བྱུང་སྔོག་
    འདོན་དང་མྱུར་སྐྱོབ་བྱེད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རླུང་འཕྲིན་དམངས་གཞས་འགྲན་བསྡུར་གྱིས་བོད་ལྗོངས་ཀྱི་དམངས་གཞས་ཕུལ་བྱུང་སྔོག་
འདོན་དང་མྱུར་སྐྱོབ་བྱེད་རོགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཟླ་6པ་ནས་དྲི་ཟའི་དབྱངས་ཀྱི་སྐབས་དང་པོའི་རླུང་འཕྲིན་དམངས་གཞས་འགྲན་བསྡུར་དངོས་སུ་བྱེད་འགོ་བརྩམས་ནས་རླུང་འཕྲིན་དུ་ལན་འཕྲིན་འཇོག་པ་དང་། ཁ་པར་གྱི་རང་འགུལ་སྒྲ་འབེབས་མ་ལག ཡུལ་དངོས་སུ་སྒྲ་འབེབས་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ངག་རྒྱུན་འཆད་ཉེན་ཆེ་བའི་དམངས་གཞས་ཁག་ཅིག་འཚོལ་བསྡུ་བྱས་ནས་རླུང་འཕྲིན་ཉན་མཁན་རྣམས་ལ་བོད་ལྗོངས་ཀྱི་གདོད་མའི་རྣམ་པ་ལྡན་པའི་གླུ་དབྱངས་གསོལ་སྟོན་ཞིག་ཕུལ་བ་རེད། འདི་ནི་ཟླ་10ཚེས་10ཉིན་བོད་ལྗོངས་ཀྱི་ས་གནས་དང་གྲོང་ཁྱེར་སོ་སོ་ནས་ཕེབས་པའི་དྲི་ཟའི་དབྱངས་ཀྱི་དམངས་ཁྲོད་གཞས་པ་ཚོས་ལྷ་སར་འཁྲབ་སྟོན་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།