འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིའི་ཁེ་ལས་ཀྱིས་ཨ་སྒོར་དུང་ཕྱུར་21ཟིན་པའི་ཞིང་ལས་ཐོན་རྫས་ཉོ་ཚོང་
    གན་རྒྱ་བཞག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་དང་ཨ་རིའི་ཁེ་ལས་བཅུ་ཕྲག་ཁ་ཤས་ཀྱིས་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་རྡི་མེ་དབྱིན་དུ་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་21ཟིན་པའི་གན་རྒྱ་བཞག་པ་དང་ཞིང་ལས་ཐོན་རྫས་ནང་འདྲེན་བསྡོམས་འབོར་ཏུན་ཁྲི་510ཟིན་གྱི་ཡོད་པ་རེད།
         ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ནས་ཡོང་བའི་དཔོན་རིགས་དང་ཁེ་ལས་ཀྱི་འཐུས་མི་བརྒྱ་ཙམ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ཡོད་པ་རེད། ཨའེ་ཨའོ་ཝ་ཀྲོའུ་ཡི་ཀྲོའུ་ཀྲང་པུའུ་ལན་སི་ཐ་ཏེས་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་སྲན་ཆེན་ཉོ་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་ཨའེ་ཨའོ་ཝ་ཀྲོའུ་ནི་ཨ་རིའི་སྲན་ཆེན་ཐོན་ཁུལ་ཀྲོའུ་གཙོ་བོ་དེ་རེད། "ང་ཚོས་སེམས་ཤུགས་གཅིག་སྒྲིལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད"ཅེས་བརྗོད་པ་དང་། ཁོང་གིས་(ཨའེ་ཨའོ་ཝ་ཀྲོའུ་)ལ་ད་ལྟ་སྲན་ཆེན་དང་མ་རྨོས་ལོ་ཏོག་ལྷག་འཕྲོ་ཡོད་པས་འཚོང་དགོས་ཀྱི་ཡོད་པ་དང་ཀྲུང་གོར་སྲན་ཆེན་གྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། དེ་ནི་གཉིས་ཁེའི་བྱ་བ་ཞིག་རེད། གང་ལགས་ཤེ་ན། ཨའེ་ཨའོ་ཝ་ཀྲོའུ་ཡི་ཞིང་པར་ཕན་པ་ཡོད་ལ་ཀྲུང་གོའི་འཛད་སྤྱོད་པར་ཡང་ཕན་པ་ཡོད་ཅེས་བརྗོད་པ་རེད།
         ཀྲི་ཅ་ཀོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་ལིའུ་ཅུན་གྱིས་མཛད་སྒོའི་ཐོག་ཨ་རིའི་དབུས་ནུབ་རྒྱུད་ཀྱི་ཀྲོའུ་9ལ་ཨ་རིའི་འབྲུ་མཛོད་ཅེས་པའི་མཚན་སྙན་ཡོད་པ་དང་དེ་ཁུལ་ནི་སྲན་ཆེན་དང་། མ་རྨོས་ལོ་ཏོག ཤ་རིགས་སོགས་ཀྱི་ཐོན་ཁུལ་གཙོ་བོ་རེད། ཨའེ་ཨའོ་ཝ་ཀྲོའུ་ཡི་ཕག་ཤ་དང་། མ་རྨོས་ལོ་ཏོག སྒོ་ང་བཅས་ཀྱི་ཐོན་རྫས་ཨ་རི་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། སྲན་ཆེན་དང་། ཚགས་ཤ་དང་ལུག་ཤའི་ཐོན་རྫས་ཨ་རི་ཡོངས་ཀྱི་ཨང་གཉིས་པར་སླེབས་པས་ཀྲུང་གོ་དང་ཨ་རིའི་ཞིང་ལས་མཉམ་ལས་ཐད་གཞན་དང་མི་འདྲ་བའི་ལེགས་ཆ་ལྡན་ཡོད་ཅེས་བརྗོད་པ་རེད།
         ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་བཟའ་བཅའ་འབྲོག་ཟོག་ནང་འདྲེན་ཚོང་ཚོགས་དང་། ཨ་རིའི་སྲན་ཆེན་ཕྱིར་གཏོང་མཐུན་ཚོགས། ཨའེ་ཨའོ་ཝ་ཀྲོའུ་སྲན་ཆེན་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།